ན་ནིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་གསེབ་གཞུང་ལམ་ལ་མ་དངུལ་སྒོར་ཁྲི་96501བཏང་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ན་ནིང་གི་ཚུན་ལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་གནད་འཁེལ་དབུལ་སྐྱོར་གྱི་བཀོད་སྒྲིག་དང་དབུལ་སྐྱོར་“ཉིན་བརྒྱ་པ་གཉིས་ཀྱི་མཉམ་འཐབ”ཀྱི་ཞིབ་ཕྲའི་བླང་བྱ་ལྟར།གྲོང་གསེབ་གཞུང་ལམ་གྱི་འཛུགས་སྐྲུན་གོམ་སྟབས་མགྱོགས་སུ་བཏང་སྟེ།གྲོང་གསེབ་གཞུང་ལམ་གྱི་ཤར་གཏོང་ལས་གྲྭར་མ་དངུལ་སྒོར་ཁྲི་96501བཏང་ཡོད།
    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ས་ཆ་མང་ཤོས་ནི་རི་ཁུལ་ཡིན་ཞིང་།དབུལ་ཕོངས་གཞི་ཁྱོན་ཆེ་བ་དང་དབུལ་ཕོངས་མི་གྲངས་མང་ལ།གྲོང་སྡེ་དང་ཚོ་ཆུང་དང་དུད་ཚང་གྲམ་ནས་ཆགས་ཡོད་པས།དུད་ཚང་དུ་ཞུགས་པའི་གཞུང་ལམ་འཛུགས་སྐྲུན་ལ་དཀའ་ངལ་ངེས་ཅན་ཞིག་བཏོད་ཡོད།དངོས་ཡོད་དང་ཟུང་འབྲེལ་བྱས་ནས།གྲོང་ཁྱེར་འགྲིམ་འགྲུལ་ཅུས་ཀྱིས་དུད་ཚང་དུ་ཞུགས་པའི་གཞུང་ལམ་གྱི་ཁུངས་ཆོད་བརྟག་ཞིབ་དང་ཚོ་ཆུང་དུ་ཤར་གཏོང་གཞུང་ལམ་གྱི་འཛུགས་སྐྲུན་དུས་མཉམ་དུ་སྐུལ་སྤེལ་བྱས་ཏེ།ཕྱོགས་ཡོངས་ནས་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་དུད་ཚང་དུ་ཞུགས་པའི་གཞུང་ལམ་གྱི་གཞི་གྲངས་ཤེས་རྟོགས་བྱས།ད་ལྟ་དུས་སྔོན་གྱི་འབྲེལ་ཡོད་ལས་ཀ་བྱེད་བཞིན་ཡོད།
    “ཉིན་བརྒྱ་པ་གཉིས་ཀྱི་མཉམ་འཐབ”ཀྱི་ལས་འགན་ཡོངས་འགྲུབ་བྱེད་ཆེད།གྲོང་ཁྱེར་འགྲིམ་འགྲུལ་ཅུས་ཀྱིས་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་བཙུགས་ཏེ་ཏན་ཏིག་གིས་གྲོང་གསེབ་གཞུང་ལམ་གྱི་འཛུགས་སྐྲུན་དང་དོ་དམ།བདག་སྐྱོང་ཆུ་ཚད་མཐོ་རུ་བཏང་བ་དང་།གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་བྱེད་པའི་ཕུགས་ཕན་རྐྱེན་སྲོལ་བཙུགས་ནས།ལས་གྲྭའི་གཞི་རྩའི་གོ་རིམ་ལྟར་འཛུགས་སྐྲུན་བྱས་ཏེ་ལས་གྲྭའི་སྤུས་འབོར་དང་འཕེལ་ཚད་ལ་ཁག་ཐེག་བྱས་པ་རེད།