སྐབས་དང་པོའི་མཐའ་ཆུ་ལོ་ལེགས་རིག་གནས་དུས་ཆེན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


       ཟླ་12པའི་ཚེས་11ཉིན་གྱི་སྔ་དྲོར།འབའ་ལུང་རྫོང་གིས་སྐབས་དང་པོའི་ལོ་ལེགས་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་མཐའ་ཆུ་གྲོང་སྡེ་ནས་བསྡུས་པ།


       ཉིན་དེར།མི་རིགས་ཀྱི་དམངས་ཁྲོད་རིག་གནས་དང་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་བྱས་པ་དང་།རྒུན་འབྲམ་གཞིས་ཀར་ཉམས་ཞིབ་བྱས་པ།རས་པ་འཁྲབ་པ།རྒུན་ཆང་གི་བྲོ་བ་ཉམས་ནས།གང་ལེགས་ཀྱིས་མཐའ་ཆུའི་ཡུལ་སྲོལ་བསྟན་པ་རེད།


       ཤེས་གསལ་བྱང་དོན།སྐབས་འདིའི་མཐའ་ཆུ་ལོ་ལེགས་རིག་གནས་དུས་ཆེན་བསྡུས་པ་ནི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་གྲོང་སྡེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་བྱ་ཐབས་གཙོ་བོ་ཞིག་ཡིན་པ་དང་།མཐའ་ཆུའི་ལོ་རྒྱུས་དང་རིག་གནས་འདོན་སྤེལ་བྱེད་པ་དང་ཡུལ་སྐོར་རིག་གནས་ལ་བརྟེན་ནས་གྲོང་རྡལ་སྟོབས་ཤུགས་ཅན་དུ་འགྱུར་བའི་ལག་ལེན་གཙོ་བོ་ཞིག་ཀྱང་ཡིན།