བདེ་ཆེན་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།བདེ་ཆེན་ཁུལ་ཡོངས་ཀྱི་རྩ་འཛུགས་ཁག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཏན་ཏིག་གིས《ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཁུལ་ཡོངས་སུ“གྲོང་གསུམ་བདུན་ཞུགས་དང་བྱ་འགུལ་གཅིག”ལས་གྲྭའི་གཏན་འབེབས》དོན་འཁྱོལ་མཐར་ཕྱིན་བྱས་པ་དང་།གནས་བབ་གསར་པ་དང་།ལས་འགན་གསར་པ།བདེ་ཆེན་ཁུལ་གྱི་གནས་ཚུལ་ལ་ཤེས་རྟོགས་དང་བསམ་གཞིགས་བྱེད་ཤུགས་ཆེ་རུ་བཏང་བ།དམིགས་ཡུལ་ལས་འགན་ངེས་གསལ་བྱས་པ།ལས་ཀའི་བྱེད་སྟངས་ནུས་ལྡན་དུ་བཏང་བ།འགག་སྒྲོལ་གྱི་གཙོ་གནད་འབུར་དུ་ཐོན་པ།དབུལ་ཐར་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས།འབྱོར་འབྲིང་གྲོང་སྡེའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།

    ཁུལ་ཡོངས་ཀྱི་དབུལ་ཕོངས་མི་འབོར་གྱི་དབུལ་ཐར་ཕྱུག་འབྱོར་གནད་དོན་ཐག་གཅོད་བྱེད་པ་དང་།དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་དང་པོ་རྒྱལ་ཁ་ཐོབ་ཐུབ་པ་བྱ་རྒྱུ་དེ་བདེ་ཆེན་ཁུལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་རྨང་གཞི་ཡིན་པ་རེད།མིག་སྔར།དབུལ་ཐར་འགག་སྒྲོལ་ལས་ཀའི་ཁྲོད་དུ།བདེ་ཆེན་ཁུལ་གྱིས་དབུལ་ཕོངས་གྲོང་སྡེ་དང་དུད་ཚང་གི་འཕེལ་རྒྱས་གཏོང་ནུས་མཐོ་རུ་གཏོང་རྒྱུ་དེ་གཙོ་བོར་བཞག་པ་དང་།རྨང་གཞིའི་སྒྲིག་བཀོད་དང་།ཐོན་ལས་དང་ལས་ཞུགས།སྤྱི་པའི་ཞབས་འདེགས།སློབ་གསོ་དང་སྤྱི་ཚོགས་འགན་ལེན་སོགས་ཐད་ནས་ལས་འགོ་བརྩམས་ཏེ།ཏན་ཏིག་གིས་རྣམ་གྲངས་ཁག་གི་བྱ་ཐབས་དོན་འཁྱོལ་བྱས་པ་དང་།གྲོང་ཡོངས་སུ་སྐུལ་སྤེལ་གཏོང་བ།གཅིག་བསྡུས་ཀྱིས་ཡུག་སྦྲེལ་ནས་གསར་སྤེལ་བྱས་པ།དུས་ཐོག་ཏུ་གཞི་རྩའི་ཐོག་ནས་དབུལ་ཕོངས་སེལ་བར་ཁག་ཐེག་བྱས་ཏེ།འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་རྨང་གཞི་བཞག་པ་རེད།

    གྲོང་རིམ་པའི་ཐོན་ལས་འཕེལ་རྒྱས་བཏང་བ།རང་ཁུལ་གྱིས་གྲོང་སྡེ་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས།དེང་རབས་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་བཏང་བ་དང་།གཞི་ཁྱོན་ཅན་དང་ཐོན་ལས་ཅན།སྤུས་རྟགས་ཅན་དེ་འགག་རྩར་བྱས་ཏེ།གནས་བབ་བཟང་བའི་ཐོན་ལས་ཀྱི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་།ཐོན་ལས་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་དང་འབྲེལ་བ་དམ་པོ་ཡོད་པའི་སྣེ་ཁྲིད་ཁེ་ལས་འབོར་ཚོ་ཞིག་ནང་འདྲེན་བྱས་ནས།ཆུ་ཚད་མཐོ་བའི་གྲོང་རིམ་པའི་ཐོན་ལས་འདུས་ཁུལ་འཛུགས་པ་དང་།ཆེད་ལས་དུད་ཆེན་དང་དུད་ཚང་གི་ཞིང་རཕྱུགས་ར་དང་ནགས་རདང་གྲོང་གསེབ་ཀྱི་ཆེད་ལས་མཉམ་ལས་ཁང་གསོ་སྐྱོང་བྱས་པ།ཞིང་ལས་ཐོན་རྫས་ཁྲོམ་རའི་ཚོང་གཉེར་རྒྱུད་ཁོངས་འཛུགས་པ་དང་སྤུས་རྟགས་ཞིང་ལས་ཐོན་རྫས་འབོར་ཚོ་ཞིག་གསོ་སྤེལ་བྱས་ཏེ།སྤུས་ལེགས་སོན་རིགས་དང་།མཐོ་གསར་ལག་རྩལ།མཐོ་རིམ་ཁྲོམ་ར་དང་ལས་ཆོད་མཐོ་བའི་ཞིང་ལས་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པ་རེད།

    སྡོད་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ།སྔར་ལས་ལྷག་པར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བྱས་པ་དང་།དབུལ་ཕོངས་ས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ།དབུལ་ཕོངས་གྲོང་སྡེ་ནི་གཡུལ་ས་གཙོ་བོར་བྱས་ཏེ།འགྲིམ་འགྲུལ་དང་ཆུ་བེད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་བ།      ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་བཏང་བ།བདེ་ཆེན་ཁུལ་གྱི་རིམ་པ་ཁག་དང་སྡེ་ཁག་སོ་སོ་ཡིས་གྲོང་སྡེའི་ཐུན་མོང་གིས་སྣེ་ཁྲིད་བྱས་ནས་ཞིང་ལས་མཉམ་ལས་ཁང་འཛུགས་པ་སོགས་ཀྱི་གྲོང་རིམ་པའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་འཛུགས་པར་དོ་སྣང་བྱེད་པ་དང་རྒྱབ་སྐྱོར་བྱས་ཏེ།ཐུན་མོང་གི་ས་ཞིང་བེད་སྤྱོད་གང་ལེགས་བྱེད་པ་དང་།ཐུན་མོང་གིས་རང་གཉེར་དང་ཚོང་འགུག་དངུལ་འདྲེན།འཇོན་མིས་གཉེར་ཁྲིད་བྱེད་པ།མ་རྐང་འཇོག་ནས་མཉམ་གཉེར་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཞིང་ལས་ཐོན་ལས་ཅན་གྱི་རྣམ་གྲངས་འཕེལ་རྒྱས་བཏང་བ་དང་།ཚོང་གཉེར་གྱི་ཐོབ་ཆ་ནི་ཐུན་མོང་གི་དཔལ་འབྱོར་དུ་རྩིས་པ་རེད།