བདེ་ཆེན་ནས་“མ་བུ་བདེ་བླག་གི་ཞབས་ཞུ་”བྱེད་སྒོ་བསྡུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་11པའི་ཚེས་11ཉིན་ནས་བཟུང་དུས་ཡུན་ཉིན་13གྱི་རིང་ལ།བདེ་ཆེན་ཁུལ་མི་གྲངས་དང་འཆར་ལྡན་བུ་བཙའི་སྨན་ཆས་དོ་དམ་ས་ཚིགས་ཀྱིས་2016ལོའི་འཆར་ལྡན་བུ་བཙའི་སྨན་ཆས་ས་ཚིགས་ཀྱིས་“མ་བུ་བདེ་བླག་གི་ཞབས་ཞུའི་”ཆེད་དོན་ཤེས་བྱའི་སྐོར་སྐྱོད་ཆེད་དོན་འཆད་ཁྲིད་བྱས།

        ཐེངས་འདིའི་བྱེད་སྒོ་ཤང་དང་གྲོང་རྡལ་24རུ་ཁེབས་ཡོད་པ་དང་།འཆར་ལྡན་བུ་བཙའི་སྨན་ཆས་ས་ཚིགས་ཀྱིས་བཙའ་ལོ་རན་པའི་མང་ཚོགས་3000ལྷག་ལ་གསོ་སྦྱོང་བྱས་པ་དང་།དྲིལ་བསྒྲགས་ལག་དེབ་3000ལྷག་བཀྲམས་པ།སྨན་ཡོན་མི་ལེན་པའི་སྨན་རིགས་སྒམ་3000ཡང་བཀྲམས་པ།

        ཆེད་དོན་འཆད་ཁྲིད་ནང་ཞུགས་པའི་བོད་རིགས་བུད་མེད་ཅིག་གིས་བུད་མེད་རྣམས་ལ་ཏང་ཨུ་དང་སྲིད་གཞུང་གི་སེམས་ཁུར་ཐོབ་པ་དང་།ཚད་ལྡན་གྱི་བུ་བཙའི་ཤེས་བྱའི་གསོ་སྦྱོང་ནང་ཡང་ཞུགས་ཐུབ་པས།ང་ཚོ་ཚང་མས་སེམས་ནང་ཧ་ཅང་དགའ་པོ་བྱུང་ཡོད་ཅེས་བཤད་པ་རེད།

       ཤེས་གསལ་བྱུང་དོན།2014ལོ་ནས་བཟུང་།ཁུལ་འཆར་ལྡན་བུ་བཙའི་སྨན་ཆས་ས་ཚིགས་ཀྱིས་མ་བུ་བདེ་བླག་གི་ཞབས་ཞུའིབྱེད་སྒོ་བསྡུས་ཡོད་དེ།ཐོག་མའི་ཤང་གྲོང་7ནས་ད་ལོའི་ཤང་གྲོང་24རུ་རྒྱ་སྐྱེད་པ།སྔོན་རྗེས་སུ་བུད་མེད་8000ལྷག་མ་བུ་བདེ་བླག་གི་ཞབས་ཞུཆེད་དོན་ཤེས་བྱའི་སྐོར་སྐྱོད་ཆེད་དོན་འཆད་ཁྲིད་ནང་ཞུགས་ཡོད།