མིག་ཟུར་ཡུལ་མིས་ཁོར་ཡུག་གཙང་སྦྲ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།ལུའོ་ཅི་ཤང་མིག་ཟུར་གྲོང་སྡེས་ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་ལས་ཀའི་ཚོགས་འདུ་འཚོགས་ནས།ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་ལས་ཀ་ནི་དམངས་འཚོའི་ལས་གྲྭར་རྩིས་ཏེ།གྲོང་སྡེ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་རྣམས་ཀྱིས་གཙང་སྦྲ་དང་ལེགས་སྒྲིག་བྱེད་པར་སྐུལ་སྤེལ་བཏང་ཞིང་།ཕུགས་ཕན་ལམ་ལུགས་བཙུགས་པ་རེད།

    གྲོང་སྡེ་འདིའི་ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་ལས་ཀ་ནི་ཏང་ཙུང་ཀྲི་ཡིས་འགན་འཁུར་བ་དང་།ཏང་ཀྲི་པུའུ་དང་ཡུལ་མི་ཚོ་ཆུང་གིས་ཏང་ཡོན་དང་མང་ཚོགས་རྩ་འཛུགས་བྱས་ནས་དོན་འཁྱོལ་བྱེད་པ་རེད།ལས་ཀ་འདིའི་ནང་དོན་གཙོ་བོ་ནི་སྒྲིག་ཁྲིམས་ལས་འགལ་བའི་བཟོ་བཀོད་དམ་ཁང་པ་དང་གད་སྙེགས་གཙང་བཤེར་བྱེད་རྒྱུ་དེ་རེད།