ནམ་གསལ་ཡུལ་མི་ལ་འབྲི་གཡག་གི་ལེགས་གསོའི་རོགས་དངུལ་ཐོབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཕྱུགས་ནད་སྨན་བཅོས་ས་ཚིགས་ཀྱིས་ནམ་གསལ་གྲོང་སྡེར་འབྲི་གཡག་གི་ལེགས་བཅོས་རོགས་དངུལ་འགྲེམ་གཏོང་བྱས་པ་དང་།འབྲི་གཡག་གི་ལེགས་བཅོས་རྣམ་གྲངས་ཀྱི་དཔྱད་ཡིག་འགྲེལ་བཤད་ཞིབ་ཕྲ་བྱས་པ།

       ཤེས་གསལ་བྱུང་དོན།ཐེངས་འདིའི་འབྲི་གཡག་གི་ལེགས་བཅོས་རྣམ་གྲངས་ཀྱི་ཁྲོད་དུ།ནམ་གསལ་གྲོང་སྡེའི་ཡུལ་མི་ཚོ་ཆུང་12ཀྱི་འབྲི་གཡག་གསོ་སྤེལ་ཞིང་དུད་ལ་རོགས་དངུལ་ཐོབ་པ་དང་།ལེགས་བཅོས་རོགས་དངུལ་བླངས་ནས་གསོ་སྤེལ་ཞིང་དུད་ཀྱི་བརྩོན་སེམས་ཀྱང་མཐོ་རུ་གཏོང་བ་རེད།