ཐོབ་ཐང་ལག་ཁྱེར་བཟོ་པའི་དུས་ཡུན་ཐུང་དུ་བཏང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།2016ལོའི་ཟླ་1པོའི་ཚེས་1ཉིན་གྱི་ཚུན་དུ།སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་བཟོ་བའི་དུས་ཡུན་ནི་ཉིན་90(མཐའ་མཚམས་ས་ཁུལ)ནས་གཅིག་འགྱུར་གྱིས་ཉིན་60རུ་བསྟུངས་བ།དུས་མཚུབས་སུ། སྤྱི་བདེ་ལས་ཁུངས་ཀྱིས་རྒྱུན་མཐུད་ངང་དམིགས་བསལ་གྱི་ལྗང་མདོག་བགྲོད་ལམ་གསར་གཏོད་བྱས་ནས།“ལྗང་མདོག་བགྲོད་ལམ”ཞེས་པའི་མགྱོགས་བདེའི་ཞབས་འདེགས་ལག་ལེན་བྱེད་རྒྱུ་ཡིན་པ་རེད།དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་རིམ་སྤར་རྒྱུའི་རྒྱུགས་ལེན་དུ་ཞུགས་རྒྱུའི་སློབ་མ་དང་ཕ་ཡུལ་དུ་ལོག་རྒྱུའི་གླ་རྒྱག་ཞིང་པ་སོགས་སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་དགོས་གཏུག་ཆེ་བར་གཏོགས་ན་དུས་ཡུན་ཉིན་15ནང་བླངས་ཆོག་པ་རེད།

      དེ་ལས་གཞན།སྤྱི་བདེ་ལས་ཁུངས་ཀྱིས་བཟོ་གླ་མི་དགོས་པའི་རེ་འདུན་ཞུ་མི་ལ་འཕྲིན་ཐང་ནས་བཤད་པའི་ཞབས་འདེགས་ཞུ་རྒྱུ་ཡིན་པ།གཞི་རིམ་སྤྱི་བདེ་མངག་གཏོང་ཁང་སོ་སོས་སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་བཟོ་བའི་ཚེས།རང་འགུལ་གྱིས་རེ་འདུན་ཞུ་མི་ལ་གླ་ཆ་མི་དགོས་པའི་འཕྲིན་ཐུང་ཞབས་འདེགས་ཡོད་པའི་གནས་ཚུལ་བཤད་དགོས།གལ་ཏེ་མང་ཚོགས་ལ་འཕྲིན་ཐུང་ཞབས་འདེགས་ཞུ་དགོས་ན་རེ་ཞུའི་རེའུ་མིག་གི་ཐོག་ལ་ལག་ཁྱེར་ཁ་པར་གྱི་ཨང་གྲངས་ཞིབ་ཕྲ་འབྲི་དགོས།

        སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་བཟོ་བའི་གོ་རིམ་ནི།

    དང་པོ།རེ་འདུན་ཞུ་མིས་ཐེམ་ཐོ་འཁྱེར་ཏེ་རང་ཉིད་ཀྱི་ཐེམ་ཐོ་གནས་སའི་སྤྱི་བདེ་མངག་གཏོང་ཁང་དུ་སོང་སྟེ་བཟོ་དགོས་པ་དང་།རང་ཉིད་ཡུལ་དངོས་སུ་སོང་སྟེ་མཛུབ་རིས་ཀྱི་ཆ་འཕྲིན་འཚོལ་བསྡུ་བྱེད་དགོས།

       གཉིས་པ། སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་བླངས་པའི་དུས་ཡུན་དེ་སྔར་ཐོ་འགོད་བྱས་པའི་མཛུབ་རིས་ཀྱི་ཆ་འཕྲིན་ལ་ཞིབ་བཤེར་བྱེད་དགོས།

       གསུམ་པ།ཐེངས་དང་པོར་སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་བཟོ་མཁན་ནམ་ཐོབ་ཐང་ལག་ཁྱེར་བརྗེ་འགྲེམས་ཀྱིས་དཔང་ཡིག་གི་གླ་ཡོན་སྒོར་20སྟེར་དགོས་པ་དང་།སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་བོར་བརླག་སོང་རྗེས་གསབ་ལེན་ནས་རྗེས་ལེན་བྱེད་མཁན་གྱིས་སྒོར་40ཡི་དཔང་ཡིག་གླ་ཡོན་སྟེར་དགོས་པ་རེད།