རང་ཁུལ་གྱིས་ཞིང་ཆེན་རིམ་པའི་སྡེ་ཁག་མང་པོ་དང་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་གཞི་བཀོད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།2015ལོའི་ཟླ་12པའི་ཚེས་30ཉིན་ནས་ཚེས་31ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ཆི་ཅན་ཞིན་གྱི་རང་ཁུལ་གྱི་ཏང་སྲིད་འགན་འཁུར་བ་ཁྲིད་དེ་སྔ་རྗེས་སུ་ཞིང་ཆེན་ཞིང་ལས་ཐིང་དང་ཞིང་ཆེན་གསར་འགྱུར་པར་སྐྲུན་རླུང་འཕྲིན་ཅུས།ཞིང་ཆེན་སྤུས་ཚད་ལྟ་སྐུལ་ཅུས། ཞིང་ཆེན་ནགས་ལས་ཐིང་། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་བཙའི་ཨུ་ལྷན།ཞིང་ཆེན་འབྲུ་རིགས་ཅུས། ཞིང་ཆེན་བཟོ་ཚོང་དོ་དམ་ཅུས་སོགས་ཞིང་ཆེན་རིམ་པའི་སྡེ་ཁག་དང་བདེ་ཆེན་བོད་ཁུལ་གྱི་སྲིད་ཇུས་དབུལ་སྐྱོར་དང་རྣམ་གྲངས་དོན་འཁྱོལ་སོགས་ཀྱི་འཆར་གཞི་འགོད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

        བཞུགས་མོལ་ཚོགས་འདུ་འཚོགས་པའི་སྐབས་སུ། ཆི་ཅན་ཞིན་གྱིས་ཞིང་ཆེན་རིམ་པའི་ཐད་གཏོགས་སྡེ་ཁག་གིས་ཡུལ་རིང་ནས་བདེ་ཆེན་ལ་གནང་བའི་རོགས་སྐྱོར་ལ་བཀའ་དྲིན་ཆེ་ཞུས་པ་མ་ཟད། ད་དུང་རང་ཁུལ་ དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱལ་གནས་ཚུལ་མཚམས་སྦྱོར་བྱས་པ་དང་།འབྲེལ་ཡོད་ཀྱི་གལ་ཆེའི་རྣམ་གྲངས་དང་ལས་དོན་བརྗེ་རེས་བྱས། ཆི་ཅན་ཞིན་གྱིས་2016ལོ་ནི་བདེ་ཆེན་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་འགོ་ཚུགས་པའི་ལོ་ཞིག་ཡིན་པ་དང་།སྒྲིག་གཞི་རང་བཞིན་བསྒྱུར་བཅོས་ཀྱི་དཀའ་གནད་སྒྲོལ་བའི་ལོ་ཞིག་ཀྱང་ཡིན།བདེ་ཆེན་གྱི་དཔལ་འབྱོར་དང་རྨང་གཞི་ཞན་པ་དང་།དབུལ་ཕོངས་མི་སྣ་ཡང་མང་བའི་གནས་ཚུལ་ལྟར་ན། ཁུལ་ཡོངས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་དཀའ་ངལ་ཆེན་པོ་ཡོད།འོན་ཀྱང་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་མི་རིགས་སོ་སོའི་མང་ཚོགས་ཁྲི་40ལྷག་ཁྲིད་དེ་ཕྱོགས་ཡོངས་ནས་བདེ་ཆེན་དཔལ་འབྱོར་སྤྱི་ཚོགས་ཀྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱུང་བར་སྐུལ་འདེད་གཏོང་བའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

        ཞིང་ཆེན་ཞིང་ལས་ཐིང་གི་ཐིང་ཀྲང་ཀྲང་ཡུས་མིང་གིས་བདེ་ཆེན་གྱི་ཞིང་ལས་དང་ཞིང་གྲོང་འཕེལ་རྒྱས་ལས་ཀའི་གནས་ཚུལ་ཉན་རྗེསལོ་ལྔ་ཚན་བཅུ་གཉིས་པའི་སྐབས་སུ།བདེ་ཆེན་གྱི་ཞིང་ལས་དང་ཞིང་གྲོང་ལས་ཀའི་འཕེལ་རྒྱས་ལ་བསམ་གཞི་གསལ་པོ་ལྡན་པ་དང་གཙོ་གནད་འབུར་དུ་ཐོན་པ།བྱ་ཐབས་སྟོབས་ཤུགས་ལྡན་ཞིང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ཞིང་གྲོང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཉམས་མྱོང་མང་པོ་བཏོན་པ་དང་།ཞིང་ཆེན་ཞིང་ལས་ཐིང་གིས་ད་ཡོད་རྨང་གཞིའི་ཐོག་ཧུར་ཐག་གིས་ཐོན་ཁུངས་ལེགས་བཅོས་བྱས་ནས།སྔར་ལས་ལྷག་པར་བདེ་ཆེན་གྱི་ཞིང་ལས་དང་ཞིང་གྲོང་ལས་ཀའི་སྲིད་ཇུས་རྣམ་གྲངས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།བདེ་ཆེན་ཞིང་ལས་ཞིང་གྲོང་གི་རྨང་གཞིའི་སྒྲིག་ཆས་དང་མཐོ་སྒང་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

        ཞིང་ཆེན་གསར་འགྱུར་པར་སྐྲུན་རླུང་འཕྲིན་ཅུས་ཀྱི་ཅུས་ཀྲང་ལིའང་ཙུང་ཧྭས་ཉེ་བའི་ལོ་འགའི་རིང་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་དང་རྨང་གཞིའི་སྒྲིག་ཆས་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད།བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱུན་མཐུད་ངང་རིག་གནས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བའིཐབས་ཇུས་ལག་བསྟར་བྱས་ནས། གསར་འགྱུར་རླུང་འཕྲིན་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་དུ་འགྱུར་བ་བྱེད་དགོས་པ་དང་།ཞིང་ཆེན་གསར་འགྱུར་པར་སྐྲུན་རླུང་འཕྲིན་ཅུས་ཀྱིས་བདེ་ཆེན་གྱིས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་གཏོང་བའི་ནུས་པ་དང་རྐང་འཛིན་མི་སྣ་གསོ་སྦྱོང་བྱེད་པའི་ཐད་ལ་རོགས་སྐྱོར་བྱེད་པ་དང་མཉམ་དུ་བདེ་ཆེན་རླུང་འཕྲིན་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

       ཞིང་ཆེན་སྤུས་ཚད་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་དབྱང་ཡུས་ཅན་གྱིས་ལོ་ལྔ་ཚན་བཅུ་གསུམ་པའི་སྐབས་སུ་རྣམ་གྲངས་དང་ཚན་རྩལ།ལས་བྱེད་མི་སྣ་སོགས་ཀྱི་ཐད་བདེ་ཆེན་གྱི་སྤུས་ཚད་ལྟ་སྐུལ་མ་ལག་ལ་བོད་སྐྱོར་རིགས་མཐུན་རོགས་སྐྱོར་བྱེད་རྒྱུ་ཡིན་ཞེས་མཚོན་པ་དང་།ཁོང་གིས་བདེ་ཆེན་ནི་ཡུན་ནན་གྱི་བོད་ཁུལ་གཅིག་པུ་ཡིན་པས། བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ཞིང་ཆེན་སྤུས་ཚད་ལྟ་སྐུལ་ཅུས་ཀྱི་ལས་འགན་ཞིག་ཡིན།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་ཁྲིད་སྟོན་དང་ལས་འགན་གྱི་བླང་བྱར་གཞིགས་ནས།ཞིང་ཆེན་སྤུས་ཚད་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྔར་ལས་ལྷག་པར་བོད་ཁུལ་གྱི་སྤུས་ཚད་ལྟ་སྐུལ་ལས་དོན་གྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་འཆར་གཞིགཏན་འབེབས་བྱས་པ་དང་བདེ་ཆེན་ལ་རིགས་མཐུན་རོགས་སྐྱོར་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།

       རང་ཁུལ་གྱིས་སྙན་སེང་ཉན་རྗེས།ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་ལེང་ཧྭ་ཡིས་བདེ་ཆེན་གྱི་རང་བྱུང་སྐྱེ་ཁམས་དང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བྱེད་པ་ནི་བདེ་ཆེན་འཕེལ་རྒྱས་ཀྱི་དགོས་མཁོ་ཞིག་ཡིན་པ་དང་ཞིང་ཡོངས་ནགས་ལས་སྡེ་ཁག་གི་ལས་འགན་ཞིག་ཀྱང་ཡིན།ཉེ་བའི་ལོ་འགའི་རིང་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའིཐབས་ཇུས་ལ་བརྟེན་ནས་བདེ་ཆེན་གྱི་དོན་དངོས་དང་མཐུན་པའི་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་འཚོལ་ཐུབ་པ་དང་ཞིང་ཡོངས་ཀྱི་ནགས་ལས་ལས་ཀ་ལ་བསམ་གཞི་དང་བྱ་ཐབས་གསར་པ་འདོན་སྤེལ་བྱས་ཡོད་ཅེས་བཤད་པ།ཁོང་གིས་ལོ་ལྔ་ཚན་བཅུ་གསུམ་པའི་སྐབས་སུ་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གོ་སྐབས་དམ་འཛིན་བྱས་པ་དང་ཉམས་མྱོང་ཕྱོགས་བསྡུས་བྱས་ནས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུའི་རེ་བ་བཏོན་པ་དང་ཞིང་ཆེན་ནགས་ལས་ཐིང་གིས་རྒྱུན་མཐུད་ངང་བདེ་ཆེན་གྱི་ནགས་ལས་ལས་དོན་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་ཞེས་པ་བསྟན།

      ཞིང་ཆེན་འཕྲོད་བསྟེན་བུ་བཙའི་ཨུ་ལྷན་གྱི་ཀྲུང་རེན་ཀྲང་ཞའོ་ཁྲོན་གྱིས་ཆི་ཅན་ཞིན་དང་བཅས་པ་ལ་དགའ་བསུ་བྱས།ཁོང་གིས་འཕྲོད་བསྟེན་བུ་བཙའི་ལས་དོན་གྱི་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་འབྲེལ་བ་ཆེན་པོ་ཡོད་པ།བདེ་ཆེན་བོད་ཁུལ་གྱི་གནས་ཚུལ་དམིགས་བསལ་ལྡན་ཞིང་འཕྲོད་བསྟེན་བུ་བཙའི་ལས་དོན་གྱི་ལས་ཀ་སྒྲུབ་པའི་ནང་དོན་གལ་ཆེ་ཡོད།ལོ་ལྔ་ཚན་བཅུ་གསུམ་པའི་སྐབས་སུ་ཞིང་ཆེན་འཕྲོད་བསྟེན་བུ་བཙའི་ཨུ་ལྷན་གྱིས་རྣམ་གྲངས་དང་མ་དངུལ།ལག་རྩལ།མི་སྣ་སོགས་ཀྱི་ཐད་བདེ་ཆེན་ལ་དེ་བས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་།བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱུན་མཐུད་ངང་རྣམ་གྲངས་འཆར་འགོད་ལས་ཀ་ཡག་པོ་སྒྲུབ་དགོས་ཞེས་བཤད་པ་རེད།

      ཞིང་ཆེན་འབྲུ་རིགས་ཅུས་ཀྱི་ཅུས་ཀྲང་མྰ་ཧུང་གིས་ཉེ་བའི་ལོ་འགའི་རིང་བདེ་ཆེན་ཁུལ་གྱིས་ཕྱོགས་ཡོངས་ནས་འབྲུ་རིགས་ཀྱི་ཐོན་ལས་ཅན་དུ་སྐུལ་འདེད་བཏང་བ་དང་རྒྱུན་མཐུད་ཀྱིས་འབྲུ་རིགས་ཐོན་ལས་སྟོབས་ལྡན་དུ་གྱུར་ཞིང་།བདེ་ཆེན་འབྲུ་རིགས་དཔལ་འབྱོར་གྱི་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་བ།བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་ལས་ལྷག་པར་གང་ལེགས་ཀྱིས་རང་ཉིད་ཀྱི་གནས་བབ་ལེགས་པོ་འདོན་སྤེལ་བྱེད་པ་དང་ལུགས་མཐུན་གྱིས་འབྲུ་རིགས་བཀར་འཇུག་འཛུགས་སྐྲུན་གྱི་ལེགས་བཅོས་རྣམ་གྲངས་བཀོད་སྒྲིག་བྱེད་པ།རྒྱུན་མཐུད་ཀྱིས་བདེ་ཆེན་གྱི་འབྲུ་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་།བདེ་ཆེན་ཁུལ་གྱིས་བཏོན་པའི་གནད་དོན་ལ་ཞིང་ཆེན་འབྲུ་རིགས་ཅུས་ཀྱིས་ནན་པོའི་ངང་ཞིབ་འཇུག་བྱེད་པ་དང་དུས་ཐོག་ཏུ་རོགས་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན།

      ཞིང་ཆེན་བཟོ་ཚོང་ཅུས་ཀྱི་ཅུས་ཀྲང་ཀྲང་རུང་མིང་གིས་ཉེ་བའི་ལོ་འགའི་རིང་བདེ་ཆེན་ཁུལ་      ཨུ་དང་ཁུལ་སྲིད་གཞུང་གིས་བརྩི་མཐོང་གནང་བའི་འོག   བདེ་ཆེན་བཟོ་ཚོང་གིས་ཞིང་ཡོངས་བཟོ་ཚོང་དང་མཉམ་དུ་འགན་ནུས་བསྒྱུར་བ་དང་ལས་ཁུངས་བསྒྱུར་བཅོས་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད།མིག་སྔར།བདེ་ཆེན་དཔལ་འབྱོར་ལ་མགྱོགས་པོའི་ངང་འཕེལ་རྒྱས་གཏོང་བའི་གནས་ཚུལ་རྒྱུན་འཁྱོངས་བྱེད་ཡོད།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གོ་སྐབས་དམ་འཛིན་བྱས་ནས།སྔར་ལས་ལྷག་པར་གཏིང་ཟབ་ཏུ་བསྒྱུར་བཅོས་བྱེད་པ་དང་ཐོན་ལས་སྒྲིག་གཞི་ལེགས་སུ་གཏོང་བ།བདེ་ཆེན་གྱི་དཔལ་འབྱོར་དེ་བས་ཕན་ནུས་ཡོད་པ་དང་དེ་བས་དྲང་སྙོམས་ལྡན་པ།དེ་བས་རྒྱུན་མཐུད་ཀྱིས་འཕེལ་རྒྱས་གཏོང་ཐུབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན་པ་རེད།

      ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་གཞོན་པ་མ་ཝུན་ལུང་དང་ཞིང་ཆེན་ཞིང་ལས་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཕིང་ཧྭ།ཞིང་ཆེན་གསར་འགྱུར་པར་སྐྲུན་རླུང་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅུས་ཧྥང་དང་ཧོ་ཞང་ཏུང་།ཞིང་ཆེན་སྤུས་ཚད་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྥུ་ཡ་ཅེ་དང་ཁྲེན་པའེ་ལིའང་།ཞིང་ཆེན་འཕྲོད་བསྟེན་བུ་བཙའི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཧྲན་རུང་དང་ཀྲང་ཁོན་ཧྲོའུ།ཞིང་ཆེན་བཟོ་ཚོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་མྰ་ཞང་།ཞིང་ཆེན་ཞིང་ལས་ཐིང་གི་སྐོར་གཟིགས་པ་གཞོན་པ་ཝུན་ཡ་ཆིན་དང་པི་ཧུང་སོགས་ཞིང་ཆེན་རིམ་པའི་སྡེ་ཁག་གི་འགོ་ཁྲིད་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།

      ཁུལ་ཨུའི་རྒྱུན་ཨུ།ཁུལ་དཔོན་གཞོན་པ་ནོར་བུ་གཡང་འཛོམས།ཁུལ་ཨུའི་རྒྱུན་ཨུ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའི་པིང་།ཁུལ་དཔོན་གཞོན་པ་ཚའེ་ཝུའུ་ཁྲིན་དང་སུང་ཐའོ།ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཁྲིད་ཕིང་།རང་ཁུལ་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཅས་བཞུགས་མོལ་ཚོགས་འདུར་བཞུགས་པ་རེད།