སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྩྭ་ཐང་སྐྱེ་ཁམས་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བྱུང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་འགའི་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱུན་མཐུད་ངང་རྩྭ་ཐང་གི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས།རང་བྱུང་རྩྭ་ཐང་སྐྱེ་ཁམས་ཀྱི་ཁོར་ཡུག་ལེགས་སུ་བཏང་བ་རེད།

གྲོང་ཁྱེར་འདིའི་འབྲེལ་ཡོད་སྡེ་ཁག་གིས་དུས་རྒྱུན་དུ་རྩྭ་ཐང་གི་ཁྲིམས་འཛིན་མི་སྣ་སྒྲིག་འཛུགས་བྱས་ནས་རྒྱལ་ཐང་གྲོང་རྡལ་དང་ཡང་ཐང་གྲོང་རྡལ།སྐད་ཚགས་ཤང་སོགས་ཤང་དང་གྲོང་རྡལ་ནས་རྩྭ་ཐང་ཐོན་ཁུངས་ཀྱི་གནས་ཚུལ་ལ་ཞིབ་འཇུག་བྱས་པ་དང་།གཏིང་ཟབ་ཏུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་ཁྲིམས་ལུགས་དང་ བདེ་ཆེན་ཁུལ་རྩྭ་ཐང་དོ་དམ་གྱི་སྲོལ་ཡིགདྲིལ་བསྒྲགས་བྱས་པ།གང་ལེགས་ཀྱིས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་ལུགས་མཐུན་གྱིས་རྩྭ་ཐང་སྐྱེ་ཁམས་ཀྱི་ཐོན་ཁུངས་གསར་གཏོད་དང་བེད་སྤྱོད་བྱེད་པའི་རང་རྟོགས་རང་བཞིན་འདོན་སྤེལ་བྱས་ནས།རྩྭ་ཐང་སྐྱེ་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ།

        2015ལོར།གྲོང་ཁྱེར་འདིས་རྩྭ་ཐང་ཁྲིམས་ལུགས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་ཁྱོན་བསྡོམས་600འགྲེམས་པ་དང་དྲིལ་བསྒྲགས་སྦྱར་ཡིག་20སྦྱར་བ།འཕྲེད་འགེལ་སྦྱར་ཚིག་14སྦྱར་བ།ཡུན་རིང་རང་བཞིན་གྱི་རྩྭ་ཐང་སྲུང་སྐྱོང་གི་དྲིལ་བསྒྲགས་སྦྱར་ཚིག་6བཟོས་པ།ཁྲིམས་ལུགས་ཁྲིམས་སྲོལ་གྱི་ཡུལ་དངོས་འདྲི་རྟོག་ཐེངས་2བྱས་པ།ཁྲིམས་འགལ་གྱིས་རྩྭ་ཐང་མུའུ་3351གསར་སྦོལ་ལ་ཐོ་འགོད་བྱས།རྒྱལ་ལམ་214ལམ་ཐིག་གི་ཡུལ་ལྗོངས་ལམ་རྒྱུད་ནར་རིང་ས་ཁོངས་དང་འབྲེལ་བའི་རྩྭ་ཐང་མུའུ་4071བསྡོམས་རྩིས་བྱས་པ།ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱིས་རྩྭ་ཐང་མུའུ་710འཛིན་པ་དེ་དོན་འཁྱོལ་བྱས་པ།ཁེ་ལས་ཀྱིས་རྩྭ་ཐང་གི་འདེབས་འཛུགས་མུའུ་869ཉམས་གསོ་ལ་སྐུལ་འདེད་བཏང་བ་རེད།