རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།(གསར་འགོད་པ། སྒྲོལ་མ་གཡང་མཚོ།)སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྤྱི་ཚོགས་ཐོག་སྟེགས་བུ་བཙུགས་པ་དང་། དབང་སྲུང་རོགས་སྐྱོར་གྱི་ལས་དོན་གསར་གཏོད་བྱས་ནས། ལས་བཟོ་ལ་ཞབས་འདེགས་ཏན་ཏིག་ཞུས་པར་ཕན་འབྲས་མངོན་གསལ་ཐོན་པ།
2015་ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བཟོ་ཚོགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ལས་དོན་ཡོངས་བསྒྲགས་དང་ལས་བཟོའི་འཐུས་ཚོགས་ཀྱི་སྒྲིག་གཞི་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས། གླ་ཕོགས་མཉམ་སྡེབ་ཐོག་གྲོས་བསྡུར་བྱ་རྒྱུའི་གན་རྒྱ་བཞག་པའི་ཁེ་ལས་686ཟིན་པ་དང་། བུད་མེད་ལས་བཟོའི་ཁེ་དབང་གི་ཆེད་དོན་མཉམ་སྡེབ་686དང་གན་རྒྱ་འཇོག་པ་རེད།
རོགས་སྐྱོར་ལྟེ་གནས་ཀྱི་ཚད་ལྡན་ཅན་འཛུགས་སྐྲུན་ལས་དོན་ལ་སྐུལ་སྡེད་བཏང་ནས། ཁོངས་མིའི་ཚན་པ་ཁག་གི་འགན་འཁྲི་དང་ལས་འགན་ཁ་གསལ་འབེབས་བྱས་ཏེ་རོགས་སྐྱོར་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་བ་དང་། ཁེ་ལས་ཀྱི་དོ་དམ་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ཡོད། གྲོང་ཁྱེར་དེས་མ་དངུལ་སྒོར་ཁྲི་14.27རང་གྲབས་བྱས་ཏེ་རིམ་པ་དེ་གའི་རོགས་སྐྱོར་མ་ལག་སྟེགས་བུ་གསར་སྤེལ་དང་ལེགས་སྒྲུབ་བྱས་ཏེ་མིག་སྔར་ཚོད་གཉེར་བྱེད་བཞིན་ཡོད་པ་རེད།
ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་ཁེ་ལས་འཛུགས་པའི་བྱེད་སྒོ་སྤེལ་ནས་ངལ་རྩོལ་འབྲེལ་བ་མཐུན་སྦྱོར་ཚན་པ་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཚད་ལྡན་རིམ་ལྡན་དང་། གཞུང་དྲང་ལུགས་མཐུན། གཉིས་ཁེ་གཉིས་ཕན། ཞི་མཐུན་བརྟན་ལྷིང་བཅས་ཀྱི་ངལ་རྩོལ་འབྲེལ་བ་བཏོད་ཡོད།
དཀའ་ངལ་ཡོད་པའི་ལས་བཟོའི་ཡིག་ཚགས་བཟོས་ནས། ཁུལ་སྤྱི་ཁྱབ་བཟོ་ཚོགས་ལ་དུས་ཐོག་ཏུ་སྙན་སེང་ཞུས་པ།2015ལོར།གྲོང་ཁྱེར་གྱི་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཀའ་ངལ་ཡོད་པའི་ལས་བཟོ་53ལ་འཚམས་འདྲི་ཞུས་པ་དང་འཚམས་འདྲིའི་མ་དངུལ་སྒོར་ཁྲི་10.6འགྲེམས་པ།སྟོན་ཁའི་སློབ་ཞུགས་རོགས་དངུལ་དུས་ཚང་41ལ་སྤྲད་པ་རེད།
རིམ་པ་ཁག་གི་ངལ་རྩོལ་དཔེ་བཟང་གི་དོ་དམ་དང་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་1དང་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་བཟང་བ་1འདེམས་བསྐོ་བྱས་པ།
དཔྱིད་གསར་དུས་ཆེན་དང་གནམ་ལོ་གསར་ཚེས་ལ་ངལ་རྩོལ་དཔེ་བཟང་གི་བཞུགས་མོལ་ཚོགས་འདུ་འཚོགས་ནས།ངལ་རྩོལ་དཔེ་བཟང་26ལ་འཚམས་འདྲི་བྱས་པ་དང་འཚམས་འདྲིའི་མ་དངུལ་སྒོར་15600སྤྲད་ཡོད།
བཟོ་ཚོགས་ཀྱི་ངལ་རྩོལ་སྲུང་སྐྱོང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས“ཁམས་བཟང་བུམ་པའི”ཤེས་བྱའི་འགྲན་བསྡུར་བྱས་ཏེ་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་འདུ་ཤེས་མཐོ་རུ་གཏོང་བ་སོགས་ཀྱི་གསོ་སྦྱོང་བྱས་པ།
ནན་ཏན་གྱིས་ལས་བཟོའི་མཉམ་ལས་སྨན་བཅོས་ཀྱི་ལས་ཀ་ཡག་པོ་བསྒྲུབས་པ།སྐབས་11པའི་ལས་བཟོའི་མཉམ་ལས་སྨན་བཅོས་བྱེད་སྒོར་ཞུགས་མི་9002ཡོད།དེའི་རྒྱུན་མཐུད་ཀྱིས་ཞུགས་མི་8434ཡོད་པ་དང་གསར་སྣོན་ཞུགས་མི་568ཡོད།སྐབས་12པའི་ལས་བཟོའི་མཉམ་ལས་སྨན་བཅོས་བྱེད་སྒོར་ཞུགས་མི་9329ཡོད།དེའི་རྒྱུན་མཐུད་ཀྱིས་ཞུགས་མི་8805ཡོད་པ་དང་གསར་སྣོན་ཞུགས་མི་524ཡོད།