སྡེ་ཁག་མང་པོས་མཉམ་དུ་རྡོ་མཁར་གནའ་གྲོང་གི་མེ་འགོག་མེ་གསོད་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མེ་འགོག་མེ་གསོད་རུ་ཆེན་གྱིས་སྤྱི་བདེ་དང་བདེ་འཇགས་ལྟ་སྐུལ།སྡོད་ཁང་འཛུགས་སྐྲུན།ས་ཁྲལ།རྡོ་མཁར་གནའ་གྲོང་གི་དོ་དམ་ཨུ་ལྷན།གློག་དྲ་སོགས་སྡེ་ཁག་མང་པོ་དང་མཉམ་ལས་བྱས་ནས་མཉམ་འབྲེལ་གྱི་ཞིབ་བཤེར་ཚོ་ཆུང་བཙུགས་ཏེ།རྡོ་མཁར་གནའ་གྲོང་གི་མེ་འགོག་མེ་གསོད་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱས།

       ཡུལ་དངོས་སུ་ཞིབ་བཤེར་བྱས་ནས།ཞིབ་བཤེར་ཚོ་ཆུང་གིས་མེ་འགོག་མེ་གསོད་ཀྱི་བདེ་འཇགས་ལ་གནས་པའི་གནད་དོན་ཁག་གསུམ་མཐོང་ཡོད་དེ།གཅིག་ནས་ཚོང་ཁང་འགའ་ཤས་ཀྱི་མེ་གསོད་འཕྲུལ་ཆས་དང་ཁ་འགྲེམ་གྱི་སྟོན་བྱེད་མཚོན་རྟགས།འཚུབ་བསྟུན་གློག་སྒྲོན་སོགས་མེ་འགོག་མེ་གསོད་འཕྲུལ་ཆས་ཀྱི་སྒྲིག་ཆས་ཆ་སྒྲིག་ཚང་མེད་པ་དང་།ནུས་ལྡན་དང་སྐྱོན་མེད་རྒྱུན་འཁྱོངས་བྱེད་ཐུབ་མེད་པ།གཉིས་ནས་ས་འོག་གི་མེ་གསོད་འཕྲུལ་ཆས་འགའ་ཤས་ནང་ཆུ་མེད་པ་དང་འགའ་ཤས་ནང་ཆུ་མང་པོ་གསོག་ཡོད།ས་སྟེང་གི་མེ་གསོད་འཕྲུལ་ཆས་འགའ་ཤས་འཁེང་ཞིང་ཆུ་མེད་པ།གསུམ་ནས་མེ་འགོག་མེ་གསོད་ཀྱི་ཆུ་མཛོད་ད་ལྟར་གཉིས་བཟོས་ཡོད་པའི་ནང་ནས་གཅིག་གི་ཆུ་གྲུབ་བཞི1200གསོག་ཐུབ་པའི་ཆུ་མཛོད་ལ་ཆུ་འཛག་པའི་གནད་དོན་བྱུང་ཡོད།ཞིབ་བཤེར་ཚོ་ཆུང་གིས་སྡེ་ཁག་སོ་སོས་རྡོ་མཁར་གནའ་གྲོང་གི་བདེ་འཇགས་ལ་མཐོང་ཆེན་བྱས་ནས།ཧུར་ཐག་གིས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཐག་གཅོད་བྱེད་དགོས་པ་དང་།མེ་འགོག་མེ་གསོད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་པ་དང་སྲུང་སྐྱོང་ཉམས་གསོ་ལས་ཀར་ཤུགས་སྣོན་རྒྱག་དགོས་ལ།ཧུར་ཐག་གིས་བཟོ་མི་ཚར་བའི་ཆུ་མཛོད་བཟོ་སྟེ། རྡོ་མཁར་གནའ་གྲོང་གི་ཆུ་འགོའི་ཚད་འདང་བ་ཡོད་པར་ཁག་ཐེག་བྱེད་དགོས་པ་དང་།རྡོ་མཁར་གནའ་གྲོང་ནང་གི་ཚོང་ཁང་ཡོངས་ལ་ལེབ་བཤེར་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་གཞི་བཏོན་པ།

       གཞན་ཡང་ཤེས་གསལ་བྱུང་དོན། ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མེ་འགོག་མེ་གསོད་རུ་ཆེན་གྱིས་རྡོ་མཁར་གནའ་གྲོང་གི་བསྐྱར་སྐྲུན་སླར་གསོའི་ཁྲིད་སྟོན་པུའུ་ཡི་ལས་བྱེད་མི་སྣ་དང་མེ་གསོད་འཕྲུལ་ཆས་འཛུགས་པའི་ཨར་ལས་སྡེ་ཚན་དང་མཉམ་ལས་བྱས་ནས།རྡོ་མཁར་གནའ་གྲོང་ནང་གསར་འཛུགས་བྱེད་པའི་ས་འོག་གི་མེ་གསོད་འཕྲུལ་ཆས་31ལ་ལེབ་བཤེར་དང་བསྡོམས་རྩིས་བྱས།

      ཞིབ་བཤེར་བྱེད་པའི་སྐབས་སུ།ཞིབ་བཤེར་ཚོ་ཆུང་གིས་གསར་འཛུགས་བྱེད་པའི་མེ་གསོད་འཕྲུལ་ཆས་ལ་ཨང་ཀི་སྒྲིག་པ་དང་གནས་པའི་གནད་དོན་ལ་ཐོ་འགོད་བྱས་པ་མ་ཟད།ད་དུང་དུས་ཐོག་ཏུ་ཡིག་ཚགས་ཀྱི་ཁོངས་སུ་འཇུག་པ་རེད།