ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བདུན་པའི་རྒྱུན་ལས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྤྱི་བསྒྲགས་(2016ལོའི་ཟླ་1པོའི་ཚེས་9ཉིན་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བདུན་པའི་རྒྱུན་ལས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གྲོས་འཐུན་བྱུང་བ།)

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བདུན་པའི་རྒྱུན་ལས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ནི་2016ལོའི་ཟླ་1པོའི་ཚེས་8ཉིན་ནས་ཚེས་9ཉིན་དར་སེམས་ཀྱི་ཉི་ཟླར་འཚོགས་པ།

      ཐེངས་འདིའི་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་སུ་ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་36འབྱོར་དགོས་ཏེ།དངོས་སུ་31འབྱོར་ཡོད་པ་དང་།ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན་དང་འབྲེལ་ཡོད་འགན་འཁུར་བ་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད།ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་ནང་གཞི་རིམ་གྱི་བློ་མཐུན་འགའ་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད།

      ཚང་འཛོམས་གྲོས་ཚོགས་ནི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་།ཁུལ་ཨུའི་ཧྲུའུ་ཅི་དབྱི་པའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཀྱི་ཚབ་བྱས་ནས་སྙན་སེང་ཞུས་པ།

      ཚང་འཛོམས་གྲོས་ཚོགས་ཐོག་དབྱི་པའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ཞུས་པའི་སྙན་སེང་ཉན་པ་དང་གྲོས་གླིང་བྱས།ཀྲུང་གུང་བདེ་ཆེན་ཁུལ་ཨུའི་རྒྱལ་དམངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་གཞི་གཏན་འབེབས་བྱེད་པའི་གྲོས་གཞི་ལ་ཞིབ་བཤེར་བྱས་ནས་ཁས་བླངས་པ།

      ཚང་འཛོམས་གྲོས་ཚོགས་ཀྱིས་གང་ལེགས་ངང་འདས་པའི་ལོ་ཞིག་རིང་གི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀ་ལ་གདེང་འཇོག་བྱས་པ་དང་།2015ལོར་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་བྱུང་ཞིང་།ལོ་གཅིག་རིང་རྒྱུན་ལས་ཨུ་ལྷན་གྱིས་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྲེང་བསྟར་གྱི་གལ་ཆེའི་གསུང་བཤད་དང་ཡུན་ནན་དུ་རྟོག་ཞིབ་བྱེད་དུས་ཀྱི་གསུང་བཤད་དགོངས་དོན་ སློབ་སྦྱོང་དང་བརྒྱུད་བསྒྲགས་བྱེད་རྒྱུར་དམ་འཛིན་བྱས་པ་དང་།ནན་ཏན་གྱིས་ནན་གསུམ་དངོས་གསུམདང་ལྷག་བསམ་རྣམ་བདག་དང་གཙང་མ་དང་འགན་འཁུར་ཕོད་པའི་ཆེད་དོན་སློབ་གསོ་བྱས་པ།ཏང་གིས་དཔལ་འབྱོར་སྤྱི་ཚོགས་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ།ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་བ།བཅའ་ཁྲིམས་ལ་བརྟེན་ནས་ཁུལ་སྐྱོང་བའི་ལས་ཀ་གཏིང་ཟབ་ངང་བསྒྲུབས་པ། ཁ་བ་དཀར་པོ་གནས་སྐོར་ལོའི་བྱེད་སྒོ་ལ་ཞབས་འདེགས་ཡག་པོ་བྱས་པ།སྔར་ལས་ལྷག་པར་ཏང་གི་ཁྲིམས་འཛིན་རྨང་གཞི་འདིའི་ལས་ཆེན་ཁག་8བརྟན་དུ་གྱུར་བ།ནུས་ལྡན་གྱིས་ཁུལ་ཡོངས་ཀྱི་འབྱོར་སྤྱི་ཚོགས་རྒྱུན་མཐུད་ཀྱིས་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་གནས་བབ་ལེགས་པོ་ལ་སྐུལ་འདེད་བཏང་ཡོད་ཅེས་ཡིད་མཐུན་བྱུང་བ།

      ཚོང་འཛོམས་གྲོས་ཚོགས་ཐོག་ལོ་ལྔ་ཚན་བཅུ་གཉིས་པའིསྐབས་ཀྱི་རང་ཁུལ་གྱི་གྲུབ་འབྲས་ཆེན་པོ་ལ་ཚད་མཐོའི་གདེང་འཇོག་བྱས།ལོ་ལྔ་ཚན་བཅུ་གཉིས་པའིདུས་སྐབས་ནི་རང་ཁུལ་གྱིས་དཔལ་འབྱོར་མཆོང་སྐྱོད་འཕེལ་རྒྱས་གཏོང་བའི་ལོ་ལྔ་ཡིན་པ་དང་།སྤྱི་ཚོགས་ཡུན་རིང་བདེ་འཁོད་ཀྱི་ལོ་ལྔ་ཡིན་པ་དང་།ཏང་གི་འཛུགས་སྐྲུན་རྒྱུན་མཐུད་ཀྱིས་བརྟན་དུ་གྱུར་བའི་ལོ་ལྔ་ཡང་ཡིན།དུས་ཡུན་ལོ་ལྔ་རིང་གི་འབད་བརྩོན་བྱས་ནས།ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་གྲངས་དང་སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་སྤྱི་གྲངས་ལྡབ་གཉིས་སྤར་བ་དང་།གཏན་འཇགས་རྒྱུ་ནོར་གྱི་དངུལ་འཇོག་དང་ས་གནས་ཀྱི་སྤྱི་སྤྱོད་ནོར་སྲིད་སྔོན་རྩིས་ཀྱི་ཡོང་འབབ་ལྡབ་2.5དང་2.6སྤར་བ།དབུལ་ཕོངས་མི་གྲངས་ཁྲི་5.3ཉུང་དུ་བཏང་སྟེ།བདེ་ཆེན་2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པས་ཡིད་མཐུན་བྱུང་བ་རེད།

      ཚང་འཛོམས་གྲོས་ཚོགསཐོག་ལོ་ལྔ་ཚན་བཅུ་གསུམ་པའིདུས་རབས་ཀྱི་ཁྱད་ཆོས་དམ་འཛིན་བྱེད་པ་དང་།རང་འགུལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་ལོ་རྒྱུས་ཀྱི་ལས་འགན་འཁུར་དགོས་པའི་ནན་བཤད་བྱས་ཤིང་།ཚང་འཛོམས་གྲོས་ཚོགས་ཐོག་ལོ་ལྔ་ཚན་བཅུ་གསུམ་པའིདུས་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ།མ་འོངས་པའི་ལོ་ལྔ་ནི་བདེ་ཆེན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་རྒྱལ་ཁ་ཐོབ་པའི་དུས་སྐབས་ཤིག་ཡིན་པ་དང་།བདེ་ཆེན་གྱིས་འབོར་ཐེངས་གསར་པའི་མཆོང་སྐྱོད་འཕེལ་རྒྱས་མངོན་འགྱུར་བྱུང་བའི་གོ་སྐབས་ཤིག་ཡིན། ཁུལ་ཡོངས་ཀྱིས་གོ་སྐབས་འདུ་ཤེས་དང་འགན་འཁུར་འདུ་ཤེས་མཐོ་རུ་བཏང་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས།

      ཚང་འཛོམས་གྲོས་ཚོགས་ཐོག་ལོ་ལྔ་ཚན་བཅུ་གསུམ་པའིསྐབས་ ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་སྒྲེང་བྱེད་པ་དང་།ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པ། ཐེངས་ལྔ་པའི་དགོངས་དོན་དོན་འཁྱོལ་བྱེད་པ།གཏིང་ཟབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་ཡུན་ནན་དུ་རྟོག་ཞིབ་བྱེད་དུས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། ཕྱོགས་བཞིའིའཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་པ།གསར་གཏོད་དང་མཐུན་སྦྱོར། ལྗང་མདོག  སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཆེན་པོ་ཁག་ལྔ་དོན་འཁྱོལ་བྱེད་པ།བཅའ་ཁྲིམས་ལ་བརྟེན་ནས་བོད་སྐྱོང་བ་དང་།དམངས་ཕྱུག་ལ་བརྟེན་ནས་བོད་དར་སྤེལ་གཏོང་བ།ཡུན་རིང་གིས་བོད་འཛུགས་པ།མི་སེམས་གོང་བུར་འགྲིལ་པ།རྨང་གཞི་བརྟན་དུ་གཏོང་བའི་རྩ་དོན་གཙོ་བོ་རྒྱུན་འཁྱོངས་བྱེད་པ།གཏིང་ཟབ་ཀྱིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་རིག་གནས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བ།ཐོན་ལས་ལ་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ།འཆམ་མཐུན་ལ་བརྟེན་ནས་ཁུལ་བདེ་པོར་གཏོང་བའི་འཐབ་ཇུས་ལག་ལེན་བྱེད་པ།གཅིག་གྱུར་གྱིས་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྤེལ།རིག་གནས་ཀྱི་འཛུགས་སྐྱོང་།སྤྱི་ཚོགས་འཛུགས་སྐྱོང་།སྐྱེ་ཁམས་ཀྱི་འཛུགས་སྐྲུན།ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ནང་བོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་རྒྱལ་ཡོངས་ནང་བོད་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་ཁྲིད་མཁན།ཤར་ཕྱོགས་བོད་ཁུལ་གྱི་འགྱེད་འཕྲོའི་ལྟེ་གནསཀྱི་གནས་ཐིག་གཏན་ཁེལ་བྱས་པས་དཔེ་སྟོན་ཁུལགྱི་ནང་དོན་ཕུན་སུམ་ཚོགས་པོར་གྱུར་ཏེ།2020ལོར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་བདེ་སྡོད་ལས་བརྩོན་དང་འགན་སྲུང་ནུས་ལྡན།ཁྱིམ་གཞིས་མཛེས་པོ།མི་རིགས་མཐུན་སྒྲིལ།དཔལ་ཡོན་འཆམ་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་པར་ཁག་ཐེག་བྱེད་དགོས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་པ་རེད།

      ཚང་འཛོམས་གྲོས་ཚོགས་ཐོག་ལོ་ལྔ་ཚན་བཅུ་གསུམ་པའིསྐབས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་བཏོན་པ་སྟེ།དཔལ་འབྱོར་གྱི་འཕེལ་རྒྱས་ལ་མངོན་གསལ་བྱུང་བ་དང་། ཁུལ་ཡོངས་ས་གནས་ཀྱི་ཐོན་ཚད་སྤྱི་གྲངས་ལོ་རེར་10%འཕར་བ།གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་གྱི་འཕར་ཚད་ལས་མཐོ་བ།ཞིང་གྲོང་སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་གྲོང་ཁྱེར་སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་ལས་མཐོ་བ།གཞི་རིམ་གྱི་སྤྱི་པའི་ཞབས་འདེགས་ཀྱི་དམིགས་ཚད་གཙོ་བོ་དེ་ནུབ་ཕྱོགས་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་ལ་ཟིན་པ།ཐེམ་ཐོའི་མི་གྲངས་གྲོང་ཁྱེར་ཅན་དུ་གྱུར་ཚད་མཐོ་རུ་གཏོང་བ།ད་ལྟར་ལག་ལེན་བྱེད་པའི་ཚད་གཞིའི་འོག་ཞིང་གྲོང་གི་དབུལ་ཕོངས་མི་གྲངས་ཀྱི་དབུལ་ཐར་མངོན་གསལ་བྱུང་བ།དབུལ་ཕོངས་རྫོང་ཚང་མ་ཕྱུག་པོར་འགྱུར་བ།སྤྱི་ཁོག་གི་དབུལ་ཕོངས་གནད་དོན་ནུས་ལྡན་གྱིས་ཐག་གཅོད་བྱེད་པ།སྤྱི་ཚོགས་ལས་དོན་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ།སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་བཟང་པོ་ཡིན་པ།ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ། ཡུན་རིང་བདེ་འཁོད་ཀྱི་གནས་ཚུལ་སྔ་ལས་བརྟན་དུ་གྱུར་དགོས་པའི་སྔོན་དཔག་དམིགས་ཚད་བཏོན་པ།

      ཚང་འཛོམས་གྲོས་ཚོགས་ཀྱིས་འདུ་ཤེས་ཆེན་པོ་ཁག་ལྔས་ལོ་ལྔ་ཚན་བཅུ་གསུམ་པའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་ཀྱི་དཔེ་མཚོན་བྱེད་པར་བརྩོན་ལེན་བྱེད་དགོས་པ་དང་།གསར་གཏོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ཚན་རྩལ་གྱིས་སྐུལ་འདེད་བྱེད་པ་དང་དངུལ་འཇོག་གིས་སྣེ་ཁྲིད་བྱེད་པ་སོགས་རྒྱུན་འཁྱོངས་བྱེད་པ་དང་། ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་དང་མཛེས་པའི་བདེ་ཆེན་འཛུགས་པའི་བྱ་འགུལ་གཏིང་ཟབ་ཏུ་བཏང་ནས།འཕེལ་རྒྱས་ནུས་ཤུགས་མཐོ་རུ་གཏོང་དགོས་པ་དང་།མཐུན་སྦྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།ཕྱོགས་ཡོངས་ཀྱིས་འཕེལ་རྒྱས་སྒྲིག་གཞི་ལེགས་སུ་གཏོང་དགོས།ལྗང་མདོག་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།སེམས་ཀྱི་ཉི་ཟླའི་སྤུས་རྟགས་མཐོ་རུ་གཏོང་བར་རོགས་སྐྱོར་བྱེད་དགོས།སྒོ་འབྱེད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།འཕེལ་རྒྱས་གཏོང་རྒྱ་ཆེ་རུ་གཏོང་དགོས།མཉམ་རོལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།དམངས་ཕྱུག་ལ་བརྟེན་ནས་བོད་དར་སྤེལ་གཏོང་བ་མངོན་འགྱུར་བྱུང་དགོས་ཞེས་པའི་བླང་བྱ་བཏོན་ཡོད།

      ཚང་འཛོམས་གྲོས་ཚོགས་ཐོག་ནན་ཏན་གྱིས་ལོ་ལྔ་ཚན་བཅུ་གསུམ་པའི་སྐབས་ཀྱི་བརྟན་སྲུང་བྱ་ཐབས་དོན་འཁྱོལ་བྱེད་པ་དང་རྒྱལ་ཡོངས་བོད་ཁུལ་གྱི་ཡུན་རིང་བདེ་འཁོད་ཀྱི་དཔེ་མཚོན་བྱེད་པར་བརྩོན་ལེན་བྱེད་དགོས་པ་དང་།མི་རིགས་ཀྱི་མཐུན་སྒྲིལ་ཡར་ཐོན་དང་ཆོས་ལུགས་དགོན་སྡེའི་དོ་དམ།སྤྱི་ཚོགས་ཀྱི་སྒྲིག་བཅོས་དང་།སྤྱི་པའི་བདེ་འཇགས་སྔོན་འགོག་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། འཆམ་མཐུན་བརྟན་བརླིང་ལ་ཁག་ཐེག་བྱེད་དགོས། དམངས་ཡོངས་ཞུགས་པརྒྱུན་འཁྱོངས་བྱས་ནས།བརྟན་སྲུང་གི་མང་ཚོགས་རྨང་གཞི་བརྟན་དུ་གཏོང་དགོས།ལས་འགན་དམིགས་སར་འབྱོར་བ རྒྱུན་འཁྱོངས་བྱས་ནས། བརྟན་སྲུང་ལས་ཀ་ཞིབ་ཕྲ་བྱེད་དགོས་པའི་བླང་བྱ་བཏོན་པ།     

      ཚང་འཛོམས་གྲོས་ཚོགས་ཐོག་ལོ་ལྔ་ཚན་བཅུ་གསུམ་པའི་འཕེལ་རྒྱས་ཀྱི་རྩ་འཛུགས་འགན་སྲུང་བརྟན་དུ་བཏང་ནས།རྒྱལ་ཡོངས་བོད་ཁུལ་གྱི་ཏང་འཛུགས་གསར་གཏོད་ཀྱི་དཔེ་མཚོན་བྱེད་པར་བརྩོན་ལེན་བྱེད་དགོས།བསམ་བློས་ཏང་འཛུགས་པ་དང་ལམ་ལུགས་ཀྱིས་ཏང་སྐྱོང་བའི་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་འཛུགས་ཀྱི་སྤྱི་ཁོག་ནུས་ཤུགས་མཐོ་རུ་གཏོང་དགོས།རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས།ཏང་རྩ་འཛུགས་ཀྱི་ཆབ་སྲིད་སྣེ་ཁྲིད་ནུས་པ་དང་ཞབས་འདེགས་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།ལས་བྱེད་མི་སྣའི་རུ་ཁག་དང་སྤྱོད་ཚུལ་འཛུགས་སྤེལ་གྱི་བྱེད་ཤུགས་ཆེ་རུ་བཏང་ནས།དྲང་སྙོམས་ལྡན་པའི་ཆབ་སྲིད་དང་སྐྱེ་ཁམས་ཀྱི་ཁོར་ཡུག་འཛུགས་དགོས་པའི་བླང་བྱ་བཏོན་པ།

      ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིགདང་ ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་ཁག་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་འགན་འཛིན་ཡུན་ཚད་ལམ་ལུགས་ཀྱི་ཚོད་ལྟའི་སྲོལ་ཡིགགི་འབྲེལ་ཡོད་ཚད་གཞི་ལ་གཞིགས་ནས།བློ་མཐུན་ཝང་གོ་ཀྲུང་གི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཐེངས་བདུན་པའི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་ཐོབ་ཐང་མཚམས་འཇོག་པར་ཡིད་མཐུན་བྱུང་བ།

      ཚང་འཛམས་གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་མི་སྣ་དང་མི་རིགས་སོ་སོའི་མི་དམངས་ཀྱིས་སྔ་ལས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགོ་ཁྲིད་འོག  གོ་སྐབས་དམ་འཛིན་བྱེད་པ་དང་ནན་ཏན་གྱིས་ལས་ཀ་སྒྲུབ་སྟེ།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་འབད་བརྩོན་བྱེད་དགོས་པའི་སྐུལ་བརྡ་བཏང་བ་རེད།