མྱི་ཟུར་གྱི་ལོ་གསར་ལྟད་མོ་ཆེ་བ།

རྩོམ་པ་པོ།   པདྨ་ཚེ་རིང་གིས།དུས་ཚོད།   2017-04-12   རྩོམ་ཁུངས།   

ལོ་གསར་གྱི་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལོའུ་ཅི་ཤང་མྱི་ཟུར་གྲོང་གིས་ཤམ་བྷ་ལ་ལོ་གསར་བསུ་བའི་དམངས་སྲོལ་བྱེད་སྒོའི་མྱི་ཟུར་ཡན་ལག་ཚོགས་ར་འཛུགས་པ་དང་།གྲོང་དེས་གྲོང་མི་སྒྲིག་འཛུགས་བྱས་ནས་རྟ་རྒྱུག་དང་སྐོར་བྲོའི་འགྲན་བསྡུར་བྱས་པས།བྱེད་སྒོ་དེ་ངོ་མཚར་ཆེ་བ་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད།

མྱི་ཟུར་གྲོང་ཡོངས་ཀྱིས་ཚོ་ཁག་12བགོས་ནས་སྐོར་བྲོ་འགྲན་བསྡུར་བྱས་པ་རེད།



གླུ་པས་གླུ་ལེན་བཞིན།


    དུས་ཆེན་རིང་།  གྲོང་དེའི་འགན་འཁུར་བ་གཙོ་བོས་ནགས་ཚལ་བདག་སྐྱོང་བ་ལ་ལོ་གསར་གྱིས་འཚམས་འདྲི་བྱས་པ།


 ལོ་གསར་ཚེས་བཟང་དུས་བཟང་དུ་དར་བཤད་གཏོང་བཞིན་པ།


 ལྟད་མོ་བ།


     དུས་ཆེན་གྱི་ནང་ད་དུང་གྲོང་དེས་ཕྱི་ལ་ལས་ཀ་བྱེད་ཡོད་པའི་ཕ་ཡུལ་གཅིག་པ་རྩ་འཛུགས་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས་ནས་མྱི་ཟུར་གྱི་འབྱུང་འགྱུར་འཕེལ་རྒྱས་ཐུན་མོང་ཐོག་གྲོས་གླེང་བྱེད་པ།