ཞིང་ཨུས་སྐོར་གཟིགས་སྐོར་ཞིབ་ལས་ཀའི་གློག་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-10   རྩོམ་ཁུངས།   

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་24ཉིན། ཡུན་ནན་ཞིང་ཨུས་སྐོར་གཟིགས་སྐོར་ཞིབ་ལས་ཀའི་གློག་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད།
    ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུན་ཁྲུན་བདེ་ཆེན་ཡན་ལག་ཚོགས་རར་ཞུགས་པ་རེད།
    གྲོས་ཚོགས་ཐོག་བསྟན་དོན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།ཞིང་ཨུས་ཀྲུང་དབྱང་གི་སྐོར་གཟིགས་ལས་ཀའི་བྱེད་ཕྱོགས་དོན་འཁྱོལ་མཐར་ཕྱིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།རྩ་འཛུགས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བྱས་པས།སྐོར་གཟིགས་ལས་ཀར་གྲུབ་འབྲས་ཆེན་མོ་ཐོབ་ཡོད།མིག་སྔ་དང་དེང་ཕྱིན་དུས་ཡུན་ཞིག་རིང་གི་སྐོར་གཟིགས་སྐོར་ཞིབ་ལས་ཀ་ཡག་པོ་བྱེད་པར་ཀྲུང་དབྱང་གི་སྐོར་གཟིགས་ལས་ཀའི་བྱེད་
ཕྱོགས་དོན་འཁྱོལ་བྱེད་དགོས་པ་དང་།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་བརྩི་བཀུར་བྱེད་དགོས་པ་དང་།“འདུ་ཤེས་བཞི”ཡིས་ཆབ་སྲིད་ཀྱི་དམིགས་ཚད་དུ་བྱེད་པ་དང་།ཏང་གི་སྒྲིག་ཡིག་དང་ཏང་གི་ཏང་ལུགས།ཏང་གི་སྒྲིག་ཁྲིམས་བཅས་ཀྱིས་ཚད་གཞིར་བྱེད་པ།“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ཀྱིས་སྤྱི་ཁྱབ་བཀོད་འདོམས་བྱས་ཏེ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།ཆབ་སྲིད་ཀྱི་སྐོར་གཟིགས་སྐོར་ཞིབ་གཏིང་ཟབ་ཏུ་གཏོང་བ།ཤུགས་འཇོག་ནས་ཏང་ནན་སྐྱོང་གི་ཕན་ནུས་འདོན་སྤེལ་བྱེད་པ།ཏང་གིས་འགོ་ཁྲིད་བྱེད་རྒྱུར་རྒྱུན་འཁྱོངས་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་དོ་ཁུར་བྱེད་པ།གནད་དོན་མཐོང་བ་དང་འཇིགས་སྣང་སྐྱེད་དུ་འཇུག་སྟེ།བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས།
    གྲོས་ཚོགས་ཐོག་ཞིང་ཨུའི་སྐོར་གཟིགས་ལས་ཀའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་།པའོ་ཧྲན་གྲོང་ཨུ་དང་།ཁྲུའུ་ཞུང་དབྱིས་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུས་སྤེལ་རེས་གསུང་བཤད་གནང་བ་རེད།
    རང་ཁུལ་གྱི་འགོ་ཁྲིད་ཝང་ཐན་ཞི་དང་།   ལི་ཡན་ལན།      ཝང་ཧུང་།ཧོ་ཧྲི་ཚུང་།དབྱང་ཧྥང་ཞི།ཕུའུ་ལུའུ་ཧྭ།ཝང་ཡུའེ་ཞུའུ།ཀུའོ་ཁྲུང་ཞན།ཡོན་ཞུའེ་ཧུང་།ཧང་ཁའེ་ཧྲི་དང་།ཁུལ་ཨུའི་སྐོར་གཟིགས་ལས་ཀའི་འགོ་ཁྲི་ཚོ་ཆུང་གི་ཁོངས་མི་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་བདེ་ཆེན་ཡན་ལག་ཚོགས་རར་སྐོར་གཟིགས་སྐོར་ཞིབ་ལས་ཀའི་གྲོས་ཚོགས་ལྟ་ཉན་བྱས།              (ཆོས་ལྡན་གྱིས་བསྒྱུར།)