དབུ་ཤོག >> ཏང་གི་ཚོགས་ཆེན་བཅོ་བརྒྱད་པ།
ཧུའུ་ཅིན་ཐའོ་དང་ཞིས་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་འཐུས་མི་དང་།ཆེད་མངགས་གདན་ཞུས་འཐུས་མི།ཟུར་ཞུགས་མི་སྣ་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2013-07-09 རྩོམ་ཁུངས།


        2012ལོའི་ཟླ་11ཚེས15ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་དང་གསར་དུ་བདམས་ཐོན་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་གུང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་འཐུས་མི་དང་།ཆེད་མངགས་གདན་ཞུས་འཐུས་མི།ཟུར་ཞུགས་མི་སྣ་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་།འདི་ནི་ཧུའུ་ཅིན་ཐའོ་དང་ཞིས་ཅིན་ཕིང་མཛའ་བརྩེའི་ངང་ཕྱག་གཏོང་གནང་བའི་གནས་ཚུལ་ཡིན་པ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ11ཚེས་15ཉིན་གློག་འཕྲིན་འབྱོར་གསལ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་དང་གསར་དུ་བདམས་ཐོན་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཀྲུང་གུང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་།སྐབས་བཅུ་བདུན་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གཞན་དག་ཝུའུ་པང་གོ་དང་དབུན་ཅ་པའོ།ཅ་ཆིང་ལིན།ལི་ཁྲང་ཁྲུན།ཧོ་གོ་ཆང་།ཀྲོའུ་ཡུང་ཁང་།སྐབས་བཅོ་བརྒྱད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གཞན་དག་ལི་ཁེ་ཆང་དང།ཀྲང་ཏེ་ཅང་།ཡུས་ཀྲེང་ཧྲེང་།ལིའུ་ཡུན་ཧྲན།ཝང་ཆི་ཧྲན།ཀྲང་ཀའོ་ལི་བཅས་ཀྱིས་ཚེས15ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་པའི་འཐུས་མི་དང་།ཆེད་མངགས་གདན་ཞུས་འཐུས་མི།ཟུར་ཞུགས་མི་སྣ་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
        མི་དམངས་ཚོགས་ཁང་ཆེ་མོའི་གསོལ་སྟོན་ཚོམས་ཆེན་ནང་གློག་འོད་ཆེམ་ཆེམ་འཕྲོ་བ་དང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་།འཐུས་མི་དང་།ཆེད་མངགས་གདན་ཞུས་འཐུས་མི།ཟུར་ཞུགས་མི་སྣ་བཅས་2600ལྷག་ཙམ་དེ་གར་འཛོམས་ནས་སེམས་འགུལ་ཐེབས་བཞིན་དུ་འགོ་ཁྲིད་བློ་མཐུན་ཕེབས་སྒུག་ཞུ་བཞིན་ཡོད།
        ཕྱི་དྲོའི་ཆུ་ཚོད་གསུམ་པར་ཧུའུ་ཅིན་ཐའོ་དང་ཞིས་ཅིན་ཕིང་གསོལ་སྟོན་ཚོམས་ཆེན་དུ་ཕེབས་སྐབས་དེ་ག་ནས་འབྲུག་སྒྲ་ལྡིར་བ་ལྟར་གྱི་ཐལ་མོའི་རྡེབ་སྒྲ་གྲགས་ཤིང་།
        ཧུའུ་ཅིན་ཐའོ་དང་ཞིས་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་འཐུས་མིའི་མདུན་དུ་ཕེབས་ནས་མདུན་དུ་བཞུགས་པའི་བློ་མཐུན་ལ་བྱམས་བརྩེའི་ངང་ཕྱག་བཏང་བ་དང་ཚང་མར་སྨོན་འདུན་བཟང་པོ་ཞུས་ཤིང་།འཐུས་མི་ཚོས་འཚང་ཁ་ཤིག་ཤིག་ངང་ཧུའུ་ཅིན་ཐའོ་དང་ཞིས་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ལ་ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་ཞུ་ལུགས་མཚོན་པར་བྱས་པ་རེད།
        སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཧུའུ་ཅིན་ཐའོ་དང་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་།ཧུའུ་ཅིན་ཐའོ་ཡིས་གསུང་བཤད་གནང་སྐབས་འཐུས་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཡག་པོ་འཚོགས་ཐུབ་པ་དང་ཐུགས་གྲ་ལེགས་འགྲིག་བྱུང་བས་དེ་ནི་དར་ཆ་མཐོན་པོར་སྒྲེང་བའི་ཚོགས་ཆེན་དང་།སྔ་འཛིན་ཕྱི་གཏོད་ཀྱི་ཚོགས་ཆེན།མཐུན་སྒྲིལ་འབད་འབུངས་ཀྱི་ཚོགས་ཆེན་བཅས་རེད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་།ལག་བསྟར།དོན་འཁྱོལ་བཅས་བྱ་རྒྱུ་ནི་དེང་སྐབས་ང་ཚོའི་ཆབ་སྲིད་ལས་འགན་ཨང་དང་པོ་དེ་རེད།ཏང་ཡོངས་དང་།དམག་ཡོངས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་བསམ་བློར་བཅིངས་འགྲོལ་གཏོང་བ་དང་།སྒྱུར་བཅོས་སྒོ་དབྱེ་བྱེད་པ།སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་ལེན་ཆེད་འབད་འཐབ་བྱ་རྒྱུའི་རེ་བ་ཡོད།རྒྱལ་ཁ་ནི་ང་ཚོའི་རླབས་ཆེན་གྱི་ཏང་ལ་དབང་བ་དང་།རྒྱལ་ཁ་ནི་ང་ཚོའི་རླབས་ཆེན་གྱི་མེས་རྒྱལ་ལ་དབང་བ།རྒྱལ་ཁ་ནི་ང་ཚོའི་རླབས་ཆེན་མི་དམངས་ལ་དབང་བ་བཅས་རེད་ཅེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་བས་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད།ཏང་དང་མི་དམངས་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་གནང་ཆེད་བློ་མཐུན་ཧུའུ་ཅིན་ཐའོ་དང་དེ་བཞིན་བློ་མཐུན་ཝུའུ་པང་གོ་དང་།དབུན་ཅ་པའོ།ཅ་ཆིང་ལིན།ལི་ཁྲང་ཁྲུན།ཧོ་གོ་ཆང་།ཀྲོའུ་ཡུང་ཁང་སོགས་ཀྱིས་སྣེ་འཁྲིད་ནས་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལས་གནས་ནས་ཕྱིར་འཐེན་གནང་བ་དེ་ཐོག་ནས་བླ་ན་མེད་པའི་ཀུན་སྤྱོད་དང་ཡ་རབས་གཞུང་བཟང་མངོན་ཡོད།ང་ཚོས་ཁོང་ཚོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ད་ལྟ་གསུང་བཤད་གནང་བ་དེ་སེམས་བཟང་ཚིག་ནན་དང་མི་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་པ་ཞིག་ཡོད་པ་དེ་ནི་ང་ཚོར་ཟོལ་མེད་ཀྱི་སྐུལ་ལྕག་ཧ་ཅང་ཆེན་པོ་གནང་བ་ཞིག་རེད།ང་ཚོས་ངེས་པར་དུ་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་ནན་ཏན་བྱེད་པ།མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པ།གསར་འབྱེད་ཡར་བརྩོན་བྱེད་པ།མངག་བཅོལ་ཆེན་པོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་མཛུབ་སྟོན་གནང་བ་རེད།
        ཧུའུ་ཅིན་ཐའོ་དང་ཞིས་ཅིན་ཕིང་གི་གསུང་བཤད་ལ་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་བསྒྲགས་པ་རེད།
        ཐུག་འཕྲད་ལ་ཞུགས་མཁན་གྲས་སུ་ད་དུང་མ་ཁའེ་དང་།ཝང་ཀང་།ཝང་ཀྲའོ་གོ  ཝང་ཧུའུ་ཉིང་།ཧུའེ་ལེའང་ཡུས།ལིའུ་ཡན་ཏུང་།ལིའུ་ཆི་པའོ།ཞུས་ཆི་ལེའང་།སུན་ཁྲུན་ལན།སུན་ཀྲེང་ཚའེ།ལི་ཅན་གོ  ལི་ཡོན་ཁྲའོ།དབང་དབྱང་།ཀྲང་ཁྲུན་ཞན།ཧྥན་ཁྲང་ལུང་།མོང་ཅན་ཀྲུའུ།ཀྲའོ་ལེ་ཅི།ཧུའུ་ཁྲུན་ཧྭ།ལི་ཀྲེན་ཧྲུའུ།ཞུས་ཚའེ་ཧོའུ།ཀུའོ་པོ་ཞུང་།ཀུའོ་ཅིན་ལུང་།ཧན་ཀྲེང་།ཀྲུའུ་རུང་ཅི།ལི་རུའེ་ཧོན།སུང་ཕིང་།ཝུའེ་ཅན་ཞིང་།ལི་ལན་ཆིང་།ཙེང་ཆིང་ཧུང་།ཝུའུ་ཀོན་ཀྲེང་།ལུའོ་ཀན།ཏུའུ་ཆིང་ལིན།ཀྲའོ་ཧུང་ཀྲུའུ།དབྱང་ཅིན།ལུའུ་ཡུང་ཞང་།ཝུའུ་ཡུན་ཆི་མུའུ་ཀེ  ཧྭ་ཅན་མིན།ཁྲེན་ཀྲི་ལི།སི་མ་དབྱི·ཐེ་ལི་ཝར་ཏི།ལེའང་ཀོང་ལེ།ཏའེ་པིང་གོ  ཝང་ཧྲེང་ཅུན།ཚའོ་ཅན་མིང་།ལེའོ་ཧུའེ།པའེ་ལི་ཁྲེན།ཁྲེན་ཁུའེ་ཡོན།ཨ་པུའུ་ལའེ་ཐི·ཨ་པུའུ་ཏུའུ་རེ་ཤིས་ཐེ།ལི་ཀྲའོ་ཀྲོ  ཆན་ཡུན་ལུའུ།སུན་ཅ་ཀྲེང་།ལི་ཅིན་ཧྭ།ཀྲེང་དབན་ཐུང་།ཏེང་ཧྥུ་ཧྥང་བཅས་དང་ཁྲེ་ཧའོ་ཐེན་དང་།ཀྲང་དབན་ཉན།ཅང་ཁྲུན་ཡུན།ཝང་ལེ་ཆོན།ལིའུ་ཆི།ཚའོ་ཀང་ཁྲོན།ཙེང་ཕེ་ཡན།ཝང་ཧན་པིན།ཧོ་ཡུང་།ལིང་ཅི་ཧྭ།ཉི་ཀྲི་ཧྥུ།ཝང་པིང་ཆན།ཙོའུ་ཅ་ཧྭ།པུའུ་ཧོ།ཕེང་ཕེ་ཡུན།ཚའོ་ཀྲེ  ལི་ཐའེ་དབྱིང་།སི་མ་དབྱི་·ཨའེ་མའེ་ཐི།ཀུའུ་ཤིའུ་ལེན།རག་སྡིས།ཧྲེང་ཧྭ་ལེན།ཤའོ་དབྱང་།ཧན་ཧྲུའུ་པིན།ཅ་ཁྲུན་དབང་།ཡེ་ཞོན་ཕིང་།དབྱང་རུའུ་ཏའེ།སུང་ཅན།ཆན་ཀྲེང་དབྱིན།ཧུའུ་ཆི་ལི།ཁྲེན་ཅིན་ཧྭ།ཀྲའོ་ནན་ཆི།ཝང་ཀྲུང་ཡུས།ལི་ཀུའེ་ཞན།ཀྲང་སི་ཆིང་།ཧའོ་ཅན་ཤིའུ།ཞུས་ཁོང་ཏི།ཀྲུང་དབྱང་དམག་ཨུད་ཀྱི་དེ་སྔའི་ཨུ་ཡོན་ཁྲེན་པིན་ཏེ།ལི་ཅི་ནའེ།ལེའོ་ཤིས་ལུང་།ཅིན་ཀྲེ་ཡོན།གསར་དུ་བསྐོ་གཞག་བྱས་པའི་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཁྲང་དབན་ཆོན་དང་།ཕང་ཕུང་ཧུའེ།ཀྲང་དབྱང་།ཀྲའོ་ཁེ་ཧྲི།ཀྲང་ཡིའུ་ཞ།ཝུའུ་ཧྲེང་ལི།མ་ཞའོ་ཐན།ཝུའེ་ཕུང་ཧོ་བཅས་ཡོད་པ་རེད།