དབུ་ཤོག >> ཏང་གི་ཚོགས་ཆེན་བཅོ་བརྒྱད་པ།
རང་ཁུལ་གྱི་ས་གནས་ཁག་གིས་ཚོགས་ཆེན་བཅོ་བརྒྱད་པའི་འགོ་ཚུགས་པའི་གཟབ་རྒྱས་གནས་ཚུལ་ལ་ལྟ་ཉན་བྱས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2013-07-09 རྩོམ་ཁུངས། མི་དམངས་དྲ་བ།

སེམས་ཀྱི་ཉི་ཟླ་རྫོང་།


        ཚེས8ཉིན་གྱི་སྔ་དྲོར། སེམས་ཀྱིི་ཉི་ཟླ་རྫོང་ཨུའི་འགོ་ཁྲིད་རྣམས་ཀྱིས་རྫོང་ཨུའི་གྲོས་ཚོགས་ཁང་དུ་བརྙན་འཕྲིན་ཐོག་ཚོགས་ཆེན་བཅོ་བརྒྱད་པའི་འགོ་ཚུགས་མཛད་སྒོ་ལྟ་བ། 
        ཟླ 11ཚེས 8ཉིན།སེམས་ཀྱི་ཉི་ཟླ་རྫོང་ཨུ་དང་རྫོང་དམངས་ཆེན་རྒྱུན་ཨུ་དང་རྫོང་སྲིད་གཞུང་།རྫོང་སྲིད་གྲོས།ཤང་དང་གྲོང་རྡལ་ཁག་གི་ལས་ཁུངས་གི་ལས་བྱེད་པ་དང་རྫོང་ཡོངས་ཀྱི་ས་གནས་ཁག་གི་མང་ཚོགས་ཀྱིས་སེམས་འགུལ་ཐེབས་པའི་ངང་ཞིབ་ཚགས་ཀྱིས་ཚོགས་ཆེན་འགོ་ཚུགས་པའི་གཟབ་རྒྱས་གནས་ཚུལ་ལ་ལྟ་ཉན་བྱས་པ་རེད།
        སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཏང་གི་སློབ་གྲྭའི་བཞི་ཐོག་གི་ཚོགས་འདུ་ཁང་དུ་སེམས་ཀྱི་ཉི་ཟླ་རྫོང་ཨུའི་འགོ་ཁྲིད་ལྷན་སྤྱིས་ཞིབ་ཚགས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་ཐད་གཏོང་བརྙན་འཕྲིན་ལྟ་ཞིང་ཞིབ་ཚགས་ཀྱིས་ཟིན་ཐོ་འགོད་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་ཞིབ་ཚགས་བྱེད་པའི་ཆེད་དུ།སློབ་གྲྭ་དེས་དགེ་རྒན་མངགས་ནས་ཞིང་ཆེན་ཕྱི་དང་ཞིང་ཨུའི་ཏང་གི་སློབ་གྲྭ་དང་དེ་མིན་ས་ཁུལ་དུ་ལྟ་སྦྱོང་དུ་འགྲོ་ཞིང་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་དང་གྲོང་ཨུ་སོ་སོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་བ་དང་དགེ་རྒན་ཁྲོད་ནས་ཚོགས་ཆེན་བཅོ་བརྒྱད་པའི་སྒྲོག་འགྲེལ་བྱེད་མཁན་ཕུལ་བྱུང་ཅན་འདེམས་བསྐོ་དང་བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད།
        རྒྱལ་ཐང་གྲོང་རྡལ་དུ།མི་གྲངས་50ལྷག་གི་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་ཆས་སྤྲས་ནས་ལྷན་དུ་འཛོམས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འགོ་ཚུགས་པའི་གནས་ཚུལ་ལ་ལྟ་བ་རེད།


བདེ་ཆེན་རྫོང་།
        


        ཚེས 8ཉིན་གྱི་སྔ་དྲོར།བདེ་ཆེན་རྫོང་གི་ཐད་གཏོགས་ལས་ཁུངས་དང་ཁེ་ལས་བྱ་གཞག་སྡེ་ཁག་གི་ལས་བྱེད་ལས་བཟོ་ཡིས་དུས་ཆེན་གྱི་གཟབ་ཆས་སྤྲས་ནས་སྲིད་འཛིན་ལྟེ་གནས་ཀྱི་སྙན་ཞུ་ཁང་དུ་འཛོམས་ཏེ་ཚོགས་ཆེན་བཅོ་བརྒྱད་པའི་ཐད་གཏོང་གནས་ཚུལ་ལ་ལྟ་བ་རེད།

        ཟླ11ཚེས 8ཉིན་གྱི་སྔ་དྲོར།བདེ་ཆེན་རྫོང་གི་ཐད་གཏོགས་ལས་ཁུངས་དང་ཁེ་ལས་བྱ་གཞག་སྡེ་ཁག་གི་ལས་བྱེད་ལས་བཟོ་ཡིས་དུས་ཆེན་གྱི་གཟབ་ཆས་སྤྲས་ནས་སྲིད་འཛིན་ལྟེ་གནས་ཀྱི་སྙན་ཞུ་ཁང་དུ་འཛོམས་ཏེ་ཚོགས་ཆེན་བཅོ་བརྒྱད་པའི་ཐད་གཏོང་གནས་ཚུལ་ལ་ལྟ་བ་རེད། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་གལ་ཆེའི་གསུང་བཤད་གནང་བ་དང་སྦྲགས་ནས་ཚོགས་རའི་ནང་དུ་ཐལ་མོ་རྡེབ་པའི་སྒྲ་ཡིས་ཁེངས་པ་རེད།
        བདེ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་དང་རྫོང་ཡོངས་ཀྱི་སྡེ་ཁག་སོ་སོ་དང་ཁེ་ལས་དང་བྱ་གཞག་སྡེ་ཁག་གི་ལས་བྱེད་ལས་བཟོ་དང་།ས་གནས་ཁག་ནས་མི་སྣ་སྒྲིག་འཛུགས་བྱས་ཏེ་ཚོགས་ཆེན་བཅོ་བརྒྱད་པའི་འགོ་ཚུགས་གནས་ཚུལ་ལྟ་བ་རེད།ཤང་དང་གྲོང་རྡལ་ཁག་དང་གྲོང་སྡེ་དང་ཁྲོམ་ལམ་ཁག་ཏུ།མང་ཚོགས་ཀྱིས་ལག་ཐོག་གི་ལས་ཀ་ཕར་བཞག་ནས་བརྙན་འཕྲིན་འཕྲུལ་འཁོར་གྱི་མདུན་དུ་སྡོད་དེ་སེམས་འགུལ་ཐེབས་པའི་ཚོགས་ཆེན་བཅོ་བརྒྱད་པའི་འགོ་ཚུགས་པའི་གཟབ་རྒྱས་གནས་ཚུལ་གྱི་དཔང་པོ་བྱས།
        བདེ་ཆེན་རྫོང་གི་སློབ་འབྲིང་དང་པོའི་སློབ་མ་རྣམས་ཀྱིས་ཚེས་8ཉིན་གྱི་ཞོགས་པར་སློབ་གྲྭའི་ཐང་ཆེན་དུ་འཛོམས་ནས་ན་གཞོན་གདོང་ལེན་རུ་ཁག་གི་རུ་ཆེན་པུའུ་ཡིས་“ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པར་རྟེན་འབྲེལ་ཞུ་བ་དང་རྒྱལ་དར་ལ་གུས་འདུད་ཞུ་བ།མེས་རྒྱལ་གྱི་ཆེད་དུ་སྨོན་ལམ་འདེབས་པའི”དར་ཆ་་ཡར་འགེལ་བའི་མཛད་སྒོ་སྤེལ་བ་རེད།


འབའ་ལུང་རྫོང་།


        ཟླ11ཚེས8ཉིན།འབའ་ལུང་རྫོང་གི་སྡེ་ཁག་སོ་སོ་དང་མི་དམངས་མང་ཚོགས་ཀྱིས་ཞིབ་ཚགས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་འགོ་ཚུགས་པའི་གཟབ་རྒྱས་གནས་ཚུལ་ལ་ལྟ་ཉན་བྱས་པ་རེད།
        འབའ་ལུང་རྫོང་མི་དམངས་སྲིད་གཞུང་གི་ལས་བྱེད་པ་ཡོངས་ནས་ཚོགས་ཆེན་འགོ་ཚུགས་པའི་ཐད་གཏོང་གནས་ཚུལ་ལ་ལྟ་བ་རེད།ཐད་གཏོང་བརྙན་འཕྲིན་བལྟས་རྗེས།ལྷན་རྒྱས་ནས་སྤེལ་རེས་དང་གྲོས་བསྡུར་བྱས་ཏེ། ཉེ་བའི་ལོ་འགའི་རིང་ལ་རང་རྒྱལ་གྱིས་བླངས་པའི་གྲུབ་འབྲས་རླབས་ཆེན་ལ་བསྟོད་བསྔགས་བྱས།ལྷན་རྒྱས་ནས་ངེས་པར་དུ་བསམ་བློ་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱི་ཐོག་ཏུ་གཅིག་གྱུར་ཡོང་རྒྱུ་དང་འདུ་ཤེས་མཐོ་རུ་གཏོང་བ་དང་སློབ་སྦྱོང་བྱེད་རྒྱུ་དམ་དུ་གཏོང་བ།བྱང་ཚད་མཐོ་རུ་གཏོང་བ།རང་སད་ཀྱིས་རང་འགན་གྱི་ལས་ཀ་ཡག་པོ་སྒྲུབ་བ་བཅས་བྱས་ནས་འབའ་ལུང་གི་འཕེལ་རྒྱས་དང་མེས་རྒྱལ་སྟོབས་ལྡན་དུ་བསྒྱུར་བར་བྱས་རྗེས་འཇོག་རྒྱུའི་ཆོད་སེམས་བསྟན་པ་རེད།
        རྫོང་མཁར་པའོ་ཧོ་གྲོང་རྡལ་དུ།ཁྲོམ་ལམ་ཁག་དང་སྲང་ལམ་ཁག་གི་གྲོང་མིས་ཁྱིམ་ནང་གི་བརྙན་འཕྲིན་ཐོག་ཚོགས་ཆེན་བཅོ་བརྒྱད་པའི་འགོ་ཚུགས་གནས་ཚུལ་གྱི་བརྙན་འཕྲིན་སྟོན་ནས་ཞིབ་ཚགས་ཀྱིས་ལྟ་བཞིན་ཡོད།ཤང་དང་གྲོང་རྡལ་སོ་སོའི་ཏང་ཨུ་སྲིད་གཞུང་གིས་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཚོགས་ཆེན་བཅོ་བརྒྱད་པའི་འགོ་ཚུགས་གནས་ཚུལ་ལ་ལྟ་ཉན་བྱས་པ་རེད།


གསར་སྤེལ་ཁུལ།


        ཟླ11ཚེས8ཉིན།བདེ་ཆེན་ཁུལ་དཔལ་འབྱོར་གསར་སྤེལ་ཁུལ་དུ་བཅའ་སྡོད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་སྡེ་ཁག་དང་ལས་རིགས་ཁག་དང་མང་ཚོགས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་འགོ་ཚུགས་པའི་གནས་ཚུལ་ལ་ལྟ་ཉན་བྱས་པ།
        ཤེས་རྟོགས་བྱུང་བར་གཞིགས་ན།ཚོགས་ཆེན་བཅོ་བརྒྱད་པ་འཚོགས་སྐབས་སྤྲོ་སེམས་འཁོལ་བའི་ངང་ཚུལ་ཞིག་གཏོད་ཆེད།གསར་སྤེལ་ཁུལ་གྱི་ཏང་ཨུ་དང་།དོ་དམ་ཨུ་ཡོན་ལྷན་ཁང་གིས་སྡེ་ཁག་སོ་སོའི་འགན་ཁུར་མི་སྣ་སྒྲིག་འཛུགས་བྱས་ནས་ཆེད་དོན་གྱི་གྲོས་ཚོགས་འཚོགས་ཏེ།འབྲེལ་ཡོད་ལས་ཀ་སྔོན་ཚུད་ནས་བཀོད་སྒྲིག་བྱས་ཤིང་།གསར་སྤེལ་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་ཁེ་ལས་དང་བྱ་གཞག་སྡེ་ཁག་སོ་སོ་ནས་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པར་རྟེན་འབྲེལ་ཞུ་བའི་རས་དམར་གྱི་སྦྱར་ཡིག་འགེལ་བ་དང་དུས་ཆེན་གྱི་ཚོན་དར་འགེལ་བ་སོགས་བྱས་པར་བརྟེན།གསར་སྤེལ་ཁུལ་དུ་བཀྲ་ཤིས་པའི་གནས་ཚུལ་ཞིག་མངོན་ཡོད།
        གསར་སྤེལ་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་སློབ་གྲྭ་སོགས་ལས་ཁུངས་དང་བཅའ་སྡོད་སྒྲིག་གཞི་དང་ཁེ་ལས་དང་བྱ་གཞག་སྡེ་ཁག་སོ་སོ་ནས་སྒྲིག་འཛུགས་བྱས་ནས་ཚོགས་ཆེན་བཅོ་བརྒྱད་པའི་འགོ་ཚུགས་གནས་ཚུལ་ལྟ་བ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་འབུལ་བའི་སྙན་སྒྲོན་སློབ་སྦྱོང་བྱས་པ་རེད།