དང་བླངས་སློབ་མས་རྟ་རྒྱུག་ཐང་དུ་གི་ཁོར་ཡུག་གཙང་སྦྲ་བྱེད་བཞིན་པ།

རྩོམ་པ་པོ།   པད་མ་ཚེ་རིང་།   ཡིག་བསྒྱུར།       དུས་ཚོད།   2013-07-09   རྩོམ་ཁུངས།   

 

     ཟླ་6པའི་ཚེས་11ཉིན།སེམས་ཀྱི་ཉི་ཟླ་རྫོང་གི་ལྔ་པའི་རྟ་རྒྱུག་བྱེད་སྒོ་ཚོགས་ཤིང་།སེམས་ཀྱི་ཉི་ཟླ་རྫོང་གི་སློབ་འབྲིང་གསུམ་པས་དང་བླངས་པ་སློབ་མ་20སྒྲིག་འཛུགས་བྱས་ནས་དར་ར་རྩྭ་ཐང་གི་རྟ་རྒྱུག་ཐང་དུ་ལྟ་མོ་བས་དོ་གཟབ་མ་བྱས་པར་བསྐྱུར་བའི་ཤོག་བུ་དང་སྤོས་འགྱིག་ཁུག་མ་དང་སིལ་ཏོག་གི་ཤུན་པ་སོགས་ཀྱི་གད་སྙིགས་གཙང་སེལ་རྒྱག་སྟེ་རྟ་རྒྱུག་ཐང་གི་ཁོར་ཡུག་གཙང་སྦྲ་རྒྱུན་འཁྱོངས་བྱས་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་བའི་ལོ་འགའི་རིང་ལ།རྫོང་མཁར་དུ་གལ་ཆེའི་བྱེད་སྒོ་སྤེལ་བའི་སྐབས་དང་ཐུག་དུས།སློབ་གྲྭ་དེ་ཡིས་སློབ་མ་སྒྲིག་འཛུགས་བྱས་ནས་ཁོར་ཡུག་གཙང་སྦྲ་བྱེད་པའི་བྱེད་སྒོ་སྤེལ་ཏེ་སློབ་མའི་ཁྱིམ་གཞིས་ལ་དགའ་ཞེན་དང་ཁོར་ཡུག་སྲུང་སྐྱོང་བྱེད་པ་འདུ་ཤེས་མཐོ་རུ་བཏང་བ་རེད།(པད་མ་ཚེ་རིང་གིས་པར་བླངས་པ་དང་གནས་ཚུལ་བཀོད་པ།)