སེམས་ཀྱི་ཉི་ཟླ་རྫོང་གི་ལྔ་པའི་རྟ་རྒྱུག་བྱེད་སྒོ་ལེགས་འགྲུབ་ངང་མཇུག་སྒྲིལ་བ།

རྩོམ་པ་པོ།   བསོད་ནམས།དུས་ཚོད།   2013-07-09   རྩོམ་ཁུངས།   

        འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས་13ཉིན་གྱི་ཕྱི་དྲོར།2013ལོའི་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་བྱེད་སྒོ་རྒྱལ་ཐང་གྲོང་རྡལ་བཅིངས་འགྲུལ་གྲོང་སྡེའི་ཆོས་འཛོམས་ཡུལ་མི་ཚོ་ཆུང་གི་དར་ར་རྟ་རྒྱུག་ཐང་དུ་ལེགས་འགྲུབ་ངང་མཇུག་སྒྲིལ་བ།
        ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧྲུའུ་ཧྥུན་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་རེན་ལི་ཚན་ཀོང་མཇུག་སྒྲིལ་བའི་མཛད་སྒོར་ཕེབས་ཤིང་བྱ་དགའ་ཐོབ་པའི་བདམས་ཐོན་པར་བྱ་དགའ་གནང་བ་རེད།
         དུས་ཡུན་ཉིན་3རིང་གི་རྟ་རྒྱུག་བྱེད་སྒོའི་ཁྲོད་དུ།སེམས་ཀྱི་ཉི་ཟླ་རྫོང་གི་རྒྱལ་ཐང་གྲོང་རྡལ་དང་།  ལུའོ་ཅི་དང་སྐད་ཚག་སོགས་ཤང་(གྲོང་རྡལ་ནས་ཡོང་བའི་བདམས་ཐོན་པ་དང་།ཁུན་མིང་གྲོང་ཁྱེར་དང་ཏ་ལི་ཁུལ་ནས་
ཡོང་བའི་བདམས་ཐོན་པ་དང་རྟ་130བཅས་ཀྱིས་མང་ཚོགས་དང་ཡུལ་སྐོར་བ་རྣམས་ལ་ངོ་མཚར་ཆེ་བའི་རྟ་རྩེད་འཁྲབ་སྟོན་བྱས་པ་དང་།རྟ་པས་རྟ་རྒྱུག་བཞིན་ས་ངོས་ནས་ཁ་བཏགས་ལེན་པ་དང་།རྟ་རྒྱུག་བཞིན་མདའ་རྒྱག་པ།རྟའི་བང་རྩལ་གྱི་མགྱོགས་ཚད་འགྲན་པ་སོགས་ཁེར་རྐྱང་གི་འགྲན་བསྡུར་རྣམ་གྲངས་ཁག་བཅུ་དང་།མདའ་རྒྱག་པ་དང་འཕྲུལ་གཞུ་རྒྱག་པ་སོགས་སྲོལ་རྒྱུན་གྱི་ལུས་རྩལ་འགྲན་བསྡུར་བྱས་པ་རེད།
         ཐེངས་འདིའི་རྟ་རྒྱུག་བྱེད་སྒོའི་ཁྲོད་དུ།སེམས་ཀྱི་ཉི་ཟླ་རྫོང་སྐད་ཚག་ཤང་ནས་ཡོང་བའི་སུན་པའོ་ཡིས་མགྱོགས་ཚད་སྐར་མ་5དང་སྐར་ཆ་48ཀྱི་གྲུབ་འབྲས་ཀྱིས་སྐྱེས་པའི་སྡེ་ཚན་གྱི་སྨི་3000ཡི་རྟའི་བང་བགྲོད་ཀྱི་བྱ་དགའ་ཨང་དང་པོ་བླངས་པ་དང་།རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་སྡེ་ནས་ཡོང་བའི་དངོས་གྲུབ་ཀྱིས་མགྱོགས་ཚད་སྐར་མ་23དང་སྐར་མ་8ཀྱི་གྲུབ་འབྲས་ཀྱིས་སོ་སོར་སྐྱེས་པའི་སྡེ་ཚན་གྱི་རྟ་རྒྱུག་བཞིན་ས་ངོས་ནས་ཁ་བཏགས་ལེན་པ་དང་རྟ་རྒྱུག་བཞིན་མདའ་རྒྱག་པའི་བྱ་དགའ་ཨང་དང་པོ་བླངས་པ།རྒྱལ་བདེ་གྲོང་སྡེ་ནས་ཡོང་བའི་རྒྱལ་མཚན་བསོད་རྡོ་ཡིས་སྐར་མ་7དང་སྐར་ཆ་00དང་234ཡི་གྲུབ་འབྲས་ཀྱིས་སྨི་5000ཡི་རྟ་རྒྱུག་མགྱོགས་ཚད་ཀྱི་བྱ་དགའ་ཨང་དང་པོ་བླངས་པ།འཇོལ་རྫོང་ནས་ཡོང་བའི་བདམས་ཐོན་པ་ཉི་མ་རྒྱལ་མཚན་དང་འབའ་ལུང་རྫོང་ནས་ཡོང་བའི་བདམས་ཐོན་པ་ཧྥང་ཞུའེ་སུང་གིས་སོ་སོར་མདའ་རྒྱག་པ་དང་འཕྲུལ་གཞུ་རྒྱག་པའི་བྱ་དགའ་ཨང་དང་པོ་བླངས་པ་རེད།    (བསོད་ནམས་ཀྱིས་བསྒྱུར།)