ཞིང་ཆེན་ཡོངས་ཀྱིས་རང་ཁུལ་ལ་ཁ་ཕྱོགས་ནས་སློབ་ཡོན་སྤྲོད་མི་དགོས་པའི་གསོ་རིག་སློབ་མ29བསྡུས་པ།

རྩོམ་པ་པོ།   ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2013-07-08   རྩོམ་ཁུངས།   


         འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།   ཁུལ་སློབ་བསྡུ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ད་ལོར་ཞིང་ཆེན་ཡོངས་ཀྱིས་རང་ཁུལ་ལ་ཁ་ཕྱོགས་ནས་ཞིང་གྲོང་གི་སློབ་ཡོན་སྤྲོད་མི་དགོས་པའི་གསོ་རིག་སློབ་མ29བསྡུས་པ་རེད།  མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ6པའི་ཚེས25ཉིན་གྱི་ཞོགས་པའི་ཆུ་ཚོད8:30ཡིན་ལ།   ཆུ་ཚོད24རིང་ལས་གནས་འཁོར་སྐྱོད་བྱས་ཏེ།   ཟླ6པའི་ཚེས26ཉིན་གྱི་ཕྱི་དྲོའི་ཆུ་ཚོད6ཐོག་མིང་ཐོ་འགོད་མཚམས་བཞག་པ་རེད།  
        རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་དང་།  འཕྲོད་བསྟེན་པུའུ།  སློབ་གསོ་པུའུ།  ནོར་སྲིད་པུའུ།   མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་ཀྱིས་བཀྲམ་པའི《ཞིང་གྲོང་ལ་ཁ་ཕྱོགས་ནས་སློབ་ཡོན་སྤྲོད་མི་དགོས་པའི་གསོ་རིག་གསོ་སྐྱོང་ལས་ཀ་དོན་འཁྱོལ་གཏོང་བའི་བསམ་འཆར་སྐོར་གྱི་བརྡ་ཁྱབ》ཀྱི་བླང་བྱ་གཞིར་བཟུང་ནས།   ཞིང་གྲོང་གི་སློབ་ཡོན་སྤྲོད་མི་དགོས་པའི་གསོ་རིག་སློབ་མ་བསྡུས་པ་རེད།   རྒྱུགས་སྤྲོད་སློབ་མས་མིང་ཐོ་བཀོད་རྗེས་ཁུལ་སློབ་བསྡུ་གཞུང་ལས་ཁང་གིས་སློབ་མའི་རེ་འདུན་ལྟར་སྐར་གྲངས་མཐོ་ཤོས་ནས་དམའ་ཤོས་ཀྱི་རིམ་པ་ལྟར་ཡིག་ཚགས་འབུལ་རྒྱུ་རེད།    སློབ་ཡོན་སྤྲོད་མི་དགོས་པའི་གསོ་རིག་སློབ་མར་སློབ་ཞུགས་ཀྱི་བརྡ་སྦྱོར་འབྱོར་དུས།   ངེས་པར་དུ་གསོ་སྐྱོང་བྱེད་མཁན་གྱི་སློབ་གྲྭ་དང་།  འབྲེལ་ཡོད་རྫོང་རིམ་པའི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གཉིས་ནས་གསོ་སྐྱོང་དང་ལས་ཞུགས་ཀྱི་གྲོས་ཡིག་ལ་མིང་རྟགས་འགོད་དགོས།   སློབ་མཐར་ཕྱིན་རྗེས་འབྲེལ་ཡོད་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ནས་ཉུང་མཐའ་ཡང་ལོ6ལ་ཞབས་འདེགས་ཞུ་དགོས།   རྒྱུགས་སྤྲོད་སློབ་མ་བསྡུས་ཚར་ན།  ད་ལོའི་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་གཞན་ནང་དུ་ཞུགས་མི་ཆོག  
        གཞན་ཡང་།   ད་ལོར་ཡུན་ནན་ཉེན་རྟོག་འགོ་པའི་སློབ་གླིང་སྤྱི་བདེ་ཆེད་ལས་ཀྱིས་རང་ཁུལ་ནས་སློབ་མ28བསྡུས་ཡོད་པ་དང་།  དམག་ཁུལ་སློབ་གླིང་དང་།  མཐའ་སྲུང་སློབ་མའི་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ6པའི་ཚེས28ཉིན་ནས་ཚེས30ཉིན་བར་ཡིན།   སྐར་གྲངས་ལོངས་པའི་སློབ་མ་ཡིན་ན།  ངེས་པར་དུ་ཆབ་སྲིད་ཞིབ་བཤེར་དང་།   ཁ་རྒྱུགས།   ལུས་པོའི་བརྟག་དཔྱད་བཅས་ལ་ཞུགས་དགོས།   (ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།)