ཞིང་ཆེན་རིམ་པའི་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་ཀྱིས་རྫོང་རིམ་པའི་ཞིབ་བཤེར་དང་ལེན་བྱས་པ།

རྩོམ་པ་པོ།   ཚེ་རིང་།   ཡིག་བསྒྱུར།       དུས་ཚོད།   2013-07-08   རྩོམ་ཁུངས།   


        འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།  ཉེ་ཆར།  སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཞིང་གྲོང་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་འབྲེལ་ཡོད་སྡེ་ཁག་གི་མི་སྣ་རྩ་འཛུགས་བྱས་ནས།  རྫོང་ཡོངས་ཀྱི་ཞིང་ཆེན་རིམ་པའི་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས11ལ་ཕྱོགས་ཡོངས་ཀྱི་རྩིས་ལེན་ཞིབ་བཤེར་བྱས་པ་རེད། 
        རྒྱུས་ལོན་བྱུང་བ་ལྟར་ན།  རྣམ་གྲངས་འདི་ལ་སྤྱིའི་མ་དངུལ་སྒོར་ཁྲི725.24ལྷག་བཏང་ཡོད་པ་དང་།  དེའི་ཁྲོད་དུ།  ཞིང་ཆེན་དང་ཁུལ།  རྫོང་ནོར་སྲིད་བཅས་ཀྱིས་སྒོར་ཁྲི385བཏང་ཡོད།  རྣམ་གྲངས་ས་ཚིགས་སོ་སོའི་གྲབས་གསོག་མ་དངུལ་སྒོར་ཁྲི124.24དང་།  མང་ཚོགས་ཀྱི་ངལ་རྩོལ་ནུས་པའི་ཕབ་རྩིས་དངུལ་གྲངས་སྒོར་ཁྲི216ལྷག་ཡོད།    རྣམ་གྲངས་དེ2012ལོའི་ཟླ6པར་ལག་བསྟར་བྱེད་པའི་མགོ་བརྩམས་པ་དང་།  འཛུགས་སྐྲུན་བྱེད་ཡུན་ནི་ལོ་འཁོར1ཡིན་ལ།  དེ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ11ལ་ཁེབས་ཡོད་པ་མ་ཟད།    ཞིང་དུད576གི་མི་10031ལ་ཕན་པ་ཐོགས་ཡོད་པ་རེད།   མིག་སྔར།  རྣམ་གྲངས་དེ་ཡོངས་སུ་འཛུགས་སྐྲུན་བྱས་ཚར་བ་དང་།  ཁྱོན་བསྡོམས་གྲོང་གསེབ་དང་ཁྱིམ་དུད་དུ་བསྐྱོད་པའི་འཕྲོད་བསྟེན་ཨར་འདམ་ལམ་སྤྱི་ལེ26.6བཟོས་པ་དང་།   གད་སྙིགས་རྫིང་བུ82བཟོས་པ།   ཀྲི་པུའུ་བྱེད་སྒོ་སྤེལ་ས2ལ་ཞིག་གསོ་བྱས་པ།  སྤོ་ལོ་རྩེད་ས1བཙུགས་པ།  དུད་ཁྱིམ161ལ་ཉི་ནུས་བཅས་ནང་འཇུག་བྱས་པ་རེད།   (ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།)