སྐབས་བདུན་པའི་ཀྲུང་གོའི་སྐྱེ་དངོས་ཐོན་ལས་ཚོགས་ཆེན་དེ་ཁུན་མིང་ནས་འཚོགས་པ།

རྩོམ་པ་པོ།   ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2013-07-08   རྩོམ་ཁུངས།   

        འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།   ཟླ6པའི་ཚེས22ཉིན།  སྐབས་བདུན་པའི་ཀྲུང་གོའི་སྐྱེ་དངོས་ཐོན་ལས་ཚོགས་ཆེན་དེ་ཁུན་མིང་ནས་མཇུག་བསྡུས་པ་རེད།  ཐེངས་འདིའི་གྲོས་ཚོགས་ཀྱིས་བསྡོམས་པས་མཐོ་རིམ་གླེང་སྟེགས་དང་འབྲེལ་ཡོད་བྱེད་སྒོ20ལྷག་རྩ་འཛུགས་བྱས་པ་དང་།  རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་སྡེ་ཁག་དང་ཁེ་ལས700ལྷག་འགྲེམས་སྟོན་དང་ཚོགས་འདུ་ཞུགས་པར་ཚུར་དྲངས་པ་རེད།  རང་ཁུལ་གྱིས་བསྡོམས་པས་སྐྱེ་དངོས་བཟོ་སྐྲུན་ཁེ་ལས10རྩ་འཛུགས་བྱས་ནས་འགྲེམས་སྟོན་ལ་ཞུགས་ཤིང་།  དེའི་ཁྲོད་དུ་རྣམ་གྲངས་གཉིས་ནི་ཞིང་ཆེན་ཡོངས་ཀྱི་སྐྱེ་དངོས་ཐོན་ལས་རྣམ་གྲངས་འོས་སྦྱོར་ཚོགས་འདུའི་གལ་ཆེའི་འོས་སྦྱོར་རྣམ་གྲངས་ནང་ཚུད་ཡོད།  
        སྐབས་བདུན་པའི་ཀྲུང་གོའི་སྐྱེ་དངོས་ཐོན་ལས་ཚོགས་ཆེན་དེ་ཟླ6པའི་ཚེས20ཉིན་ཁུན་མིང་ནས་འཚོགས་པ་དང་།  དེའི་བརྗོད་བྱ་གཙོ་བོ་ནི།  སྐྱེ་དངོས་ཐོན་ཁུངས།  ཐོན་ལས་གོ་སྐབས་ཞེས་པ་དེ་ཡིན་ཞིང་།  འཚོགས་ཡུན་ཉིན4ཡིན།  དེའི་བར་སྐབས་སུ།  རང་ཁུལ་གྱི་ཁེ་ལས10ལ་རྒྱལ་ཡོངས་ཀྱི་བརྒྱུད་འཚོང་མཁན་དག་གིས་དགའ་བསུ་ཐོབ་པ་དང་།  རྣམ་གྲངས་ལ་རྒྱུས་ལོན་བྱེད་པ་དང་།   མཉམ་འབྲེལ་ནང་ཞུགས་རྒྱུའི་ཚོང་བ་རྒྱུན་མ་ཆད་པར་ཡོད།   ཚེས20ཉིན་བསྡུས་པའི་ཡུན་ནན་ཞིང་ཆེན་སྐྱེ་དངོས་ཐོན་ལས་རྣམ་གྲངས་འོས་སྦྱོར་ཚོགས་འདུའི་ཐོག    བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་ཆེན་མོའི་མཐོ་སྒང་སྨན་སྤྱོད་སྐྱེ་དངོས་ཐོན་ལས་གླིང་གི་འཛུགས་སྐྲུན་རྣམ་གྲངས་དང་།  བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་ཆེན་མོའི་འཛམ་གླིང་སྤུས་ལེགས་རྒུན་འབྲུམ་ཐོན་ཁུལ་པའེ་ཅ་ཆང་གྲོང་འཛུགས་སྐྲུན་རྣམ་གྲངས་གཉིས《ཡུན་ནན་ཞིང་ཆེན་སྐྱེ་དངོས་ཐོན་ལས་གལ་ཆེའི་རྣམ་གྲངས་ངོ་སྤྲོད་ཕྱོགས་བསྒྲིགས》ནང་དུ་བདམས་པ་དང་།  དེ་ནི་ཞིང་ཆེན་སྲིད་གཞུང་ཐུན་མོང་ནས་ཕྱི་ལ་བཀྲམ་ནས་འོས་སྦྱོར་བྱས་པ་རེད།  
          ངོ་སྤྲོད་བྱས་པ་ལྟར་ན།  སྐབས་བདུན་པའི་ཀྲུང་གོའི་སྐྱེ་དངོས་ཐོན་ལས་ཚོགས་ཆེན་ནང་ཞུགས་པའི་རང་ཁུལ་གྱི་ཁེ་ལས10ཡིས།  ད་དུང་སེམས་ཀྱི་ཉི་ཟླ་ཆེན་མོའི་འཛམ་གླིང་སྤུས་ལེགས་ཐོན་ཁུལ་རྣམ་གྲངས་དང་།  སེམས་ཀྱི་ཉི་ཟླ་ཆེན་མོའི་བདེ་ཐང་ཐོན་ལས་གླིང་གི་རྣམ་གྲངས།  བདེ་ཆེན་ཁུལ་དཔལ་འབྱོར་གསར་སྤེལ་ས་ཁུལ་སྐྱེ་དངོས་ཐོན་ལས་དཔེ་སྟོན་རྟེན་གཞིའི་རྣམ་གྲངས་སོགས་གལ་ཆེའི་རྣམ་གྲངས་ཡང་འཁྱེར་ནས་ངོ་སྤྲོད་བྱས་པ་རེད།  
         རྒྱུས་ལོན་བྱུང་བ་ལྟར་ན།  ཉེ་བའི་ལོ་འགའི་རིང་།   རང་ཁུལ་གྱིས་སྔར་ལས་ལྷག་པར་སྐྱེ་དངོས་ཐོན་ལས་གྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོ གས་སུ་བཏང་བ་དང་།  ན་ནིང་།   ཁུལ་ཡོངས་ཀྱི་སྐྱེ་དངོས་ཐོན་ལས་ཀྱི་ཐོན་འབབ་སྒོར་དུང་ཕྱུར28ལས་བརྒལ་བ་རེད།   སྔོན་དཔག་བྱས་ན།   2015ལོར།  སྐྱེ་དངོས་ཐོན་ལས་ཀྱི་ཐོན་འབབ་སྒོར་དུང་ཕྱུར40ཟིན་ཐུབ་པ་དང་།   2020ལོར་སྒོར་དུང་ཕྱུར100ལས་བརྒལ་བར་བརྩོན་ལེན་བྱ་རྒྱུ་རེད།  (ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།)