ཟླ6པའི་ཟླ་དཀྱིལ་དུ་ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར53གྱི་གནམ་ཆུ་འབབ་ཚད་ལོ་རྒྱུས་ཀྱི་ཆེས་ཉུང་བའི་ཟིན་ཐོ་ལས་བརྒལ་བ།

རྩོམ་པ་པོ།   ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2013-07-08   རྩོམ་ཁུངས།   

        ཡུན་ནན་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ།   ཟླ6པའི་ཟླ་དཀྱིལ་དུ་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བའི་གནམ་ཆུ་འབབ་ཚད་ཧ་ཅང་ཉུང་བ་དང་།  རྫོང་དང་གྲོང་ཁྱེར53ལ་གནམ་ཆུ་མི་འབབ་པའམ་གནམ་ཆུ་ཉུང་ངུ་ལས་བབས་མེད།  རྫོང་དང་གྲོང་ཁྱེར42ཡི་གནམ་ཆུ་འབབ་ཚད་ནི་ཧའོ་སྨི1ནས10བར་ཡིན་ལ།  གཞན་རྫོང་དང་གྲོང་ཁྱེར29ཡི་གནམ་ཆུ་འབབ་ཚད་ནི་ཧའོ་སྨི12ནས66བར་ཡིན། ལོ་རྒྱུས་ཀྱི་དུས་མཉམ་དང་བསྡུར་ན།   རྫོང་དང་གྲོང་ཁྱེར115ལ་གནམ་ཆུ་འབབ་ཚད་50%ཡན་ཇེ་ཉུང་དུ་གྱུར་བ་དང་།   དེའི་ཁྲོད་དུ་གནམ་ཆུ་འབབ་ཚད་90%ཡན་ཇེ་ཉུང་དུ་གྱུར་བའི་རྫོང་དང་གྲོང་ཁྱེར86ཡོད།  ཞིང་ཆེན་ཡོངས་སུ་ཁུན་མིང་དང་།  ཀྲན་དབྱི།  ཆིག་པེ།  མོང་ཙི།  ཕུའུ་ཨར།  སེམས་ཀྱི་ཉི་ཟླ།  རོས་ལི་སོགས་རྫོང་དང་གྲོང་ཁྱེར53གྱི་གནམ་ཆུ་འབབ་ཚད་ལོ་རྒྱུས་ཀྱི་ཆེས་ཉུང་བའི་ཟིན་ཐོ་ལས་བརྒལ་བ་རེད། 
        ད་ལོར།  ཡུན་ནན་གྱི་ཆར་བ་འབབ་པའི་དུས་ཚིགས་དེ་ཡུན་ནན་ནུབ་ཕྱོགས་དང་ལྷོ་ནུབ་ཕྱོགས་ཀྱི་ས་ཁུལ་མང་ཆེ་བ་རྒྱུན་ལྡན་ནམ་ཅུང་འཕྱི་བ་མ་གཏོགས།   ཞིང་ཆེན་ནང་གི་ལྷག་མའི་ས་ཁུལ་མང་ཆེ་བ་ནི་སྔ་བའམ་སྔ་དྲགས་འདུག   ཟླ6པའི་ཚེས23ཉིན་གྱི་ཆུ་ཚོད20བར་དུ།   ཡུན་ནན་གྱི་དབུས་རྒྱུད་དང་ཤར་རྒྱུད།  ལྷོ་རྒྱུད།  ཡུན་ནན་ལྷོ་ནུབ་རྒྱུད་ཀྱི་རྫོང་དང་གྲོང་ཁྱེར110ལ་གནམ་འབབ་པའི་དུས་ཚིགས་འགོ་བརྩམས་པ་རེད།  
        ཟླ6པའི་ཟླ་དཀྱིལ་དུ་ཞིང་ཆེན་ཡོངས་ཀྱི་ཝུན་ཧྲན་དང་།  ཧོང་ཧུ།   ཞི་ཧྲོང་པན་ན།   ཡུས་ཞི་ལྷོ་རྒྱུད་སོགས་ས་ཁུལ་གྱི་རྫོང་དང་གྲོང་ཁྱེར36གི་ནམ་ཟླའི་དྲོད་ཚད་དེ་དམའ་བའམ་མཐོ་བ་མ་གཏོགས།   ལྷག་མའི་ས་ཁུལ་མང་ཆེ་བའི་ནམ་ཟླའི་དྲོད་ཚད་ནི་མངོན་གསལ་གྱིས་ཇེ་མཐོར་སོང་འདུག   གནམ་གཤིས་བརྟག་དཔྱད་པས་བསམ་ན།  ཆར་བ་འབབ་པའི་དུས་ཚིགས་སུ་སླེབས་རྗེས།   ཡུན་ནན་ལ་འདི་ལྟ་བུའི་ཁྱབ་ཁོངས་ཆེ་བའི་དྲོད་ཚད་ཆེ་ཤིང་གནམ་ཆུ་འབབ་པ་ཉུང་བའི་གནམ་གཤིས་ནི་ལོ་རྒྱུས་ཐོག་བྱུང་མེད་པ་རེད་ཅེས་ཟེར།  (ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།)