སེམས་ཀྱི་ཉི་ཟླ་རྫོང་ནགས་ལས་ཅུས་ཀྱིས་ཆེད་དམིགས་ལེགས་སྒྲིག་བྱས་འགོ་ཚུགས་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-07-03   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།སེམས་ཀྱི་ཉི་ཟླ་རྫོང་ནགས་ལས་ཅུས་ཀྱིས་དྲག་པོའི་ངང་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བྱུང་བར་ཆེད་དམིགས་ལེགས་སྒྲིག་བྱེད་པའི་ལས་ཀའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་ཆེད་དམིགས་ལེགས་སྒྲིག་ལས་འགོ་ཚུགས་པ།
    མིག་སྔའི་བར།རྫོང་ནགས་ལས་སྡེ་ཁག་གིས་རྒྱལ་ཐང་དང་ཡང་ཐང་།ལུའོ་ཅི།སྐད་ཚགས།སྟག་མཆོང་གྲོག་རོང་།འབྲི་ཆུ་སོགས་བཟོ་གཏེར་དང་ཆུ་གློག་གསར་གཏོད།སེག་མ་འདོན་པ།དམངས་སྤྱོད་སྒྲིག་ཆས་ལས་སྣོན་བྱེད་པའི་ཤང་དང་གྲོང་རྡལ་ལ་སྦྱར་ཡིག་སྦྱར་བ་དང་དྲིལ་བསྒྲགས་དཔྱད་ཡིག་བཏང་བ།གྲོང་གསེབ་དང་ཞིང་དུད་དུ་ཞུགས་ནས་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གནད་ཆེའི་དྲིལ་བསྒྲགས་བྱས་པས།བསྡོམས་པས་དྲིལ་བསྒྲགས་སྦྱར་ཡིག་30དང་།དྲིལ་བསྒྲགས་དཔྱད་ཡིག་1000ལྷག་བཏང་བ་རེད།
    དུས་མཚུངས་སུ།རྫོང་རྒྱལ་ཁབ་མངའ་ཁོངས་ཅུས་དང་།རྒྱལ་ཐང་སྲིད་འཛིན་རུ་ཆེན་གྱིས་གྲོང་ཁྱེར་ཉེ་འཁོར་གྱི་རི་ངོས་ལ་ལེགས་སྒྲིག་བྱས་ཡོད།