སེམས་ཀྱི་ཉི་ཟླ་རྫོང་གི་དབྱར་རྩྭ་དགུན་འབུ་ཚོང་རར་འདོན་པ།

རྩོམ་པ་པོ།   ཀྲང་གོ་ཧྭས་པར་བླངས་ཤིང་གནས་ཚུལ་བཀོད་པ།  ཡིག་བསྒྱུར།       དུས་ཚོད།   2013-07-02   རྩོམ་ཁུངས།   


     

                 སེམས་ཀྱི་ཉི་ཟླ་རྫོང་གི་དབྱར་རྩྭ་དགུན་འབུ་ཚོང་རར་འདོན་པ།དབྱར་ཁ་སླེབས་པའི་ཚུན།བོད་ལྗོངས་ཀྱི་སྨར་ཁམས་དང་སི་ཁྲོན་གྱི་འབའ་ཐང་།ཕྱག་ཕྲེང་།སྡེ་རོང་།འདབ་པ།སེམས་ཀྱི་ཉི་ཟླ་རྫོང་གི་གཏེར་མ་རོང་སོགས་ས་ཆའི་དབྱར་རྩྭ་དགུ་འབུ་སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་ཚོང་རར་འདོན་ཡོད་པ་རེད།
                གཏེར་མ་རོང་ཤང་གི་དབྱར་རྩྭ་དགུན་འབུ་ཚོང་པ་བཀྲ་རྣམ་གྱིས།ད་ལོའི་དབྱར་རྩྭ་དགུན་འབུའི་སྐྱེས་ཚུལ་ཡག་པོ་ཡོད་ལ་གོང་ཚད་ཀྱང་ཡག་པོ་འདུག   དབྱར་རྩྭ་དགུན་འབུ་ཆེན་མོ་རེའི་གོང་ཚད་ནི་སྒོར་70ཡན་མན་ཡིན་ཞིང་།དབྱར་རྩྭ་དགུན་འབུ་ཆུང་བ་རེའི་གོང་ཚད་ནི་སྒོར་40ཡན་མན་ཡིན།དབྱར་རྩྭ་དགུན་འབུ་སྤྱི་རྒྱ་རེའི་གོང་ཚད་ནི་ཕལ་ཆེར་ཁྲི་20ཡིན་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།