ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བསྡུར་སྐྱོན་བཤེར་བྱས་ནས་སྤྱོད་ཚུལ་ལེགས་གཏོང་གི་བྱ་ཐབས་ལ་གྲོས་བསྡུར་དང་ཞིབ་འཇུག་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-07-02   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།


        ཟླ་6ཚེས་22ནས་25ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཆེད་དོན་ཚོགས་འདུ་སྐོང་ཚོགས་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ།


        ཟླ་6ཚེས་22ནས་ཚེས་25ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོ་དེ་སྔོན་དུ་ཀྲུང་དབྱང་ཆབ་སྲིད་ཅུས་སུ་སྤེལ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་དགོངས་དོན་ལྟར་ཟླ་6 ཚེས་22 ཉིན་ནས་ཚེས་25 ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུར་དམིགས་ནས་དམངས་དོན་དུ་དངོས་སྒྲུབ་སྤྱོད་གཙང་ཡོང་རྒྱུ་ནང་དོན་གལ་ཆེན་དུ་བརྩིས་ཐོག་མར་ཁེ་སི་རིང་ལུགས་ཀྱི་མང་ཚོགས་ལྟ་བའི་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཕྱོགས་སྡོམ་བྱེད་པ།བསམ་བློ་དངོས་དང་ལས་བགོས་འགན་གཉེར་བྱེད་མཁན་ས་གནས་སྡེ་ཚན་གྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་།དཔོན་ཉམས་རིང་ལུགས།སྐྱིད་འདོད་རིང་ལུགས།བག་མེད་ལོངས་སྤྱོད་སོགས་ཐད་ལྷག་པའི་གནད་དོན་དབྱེ་ཞིབ་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ།སྤྱོད་ཚུལ་ལེགས་གཏོང་ལ་ཤུགས་སྣོན་རྒྱག་རྒྱུའི་བྱ་ཐབས་དང་འབྲེལ་ཡོད་ལམ་ལུགས་ཀྱི་གཏན་འབེབས་ལ་ཞིབ་འཇུག་བྱས་པ་རེད།
       ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
       ད་རེས་ཀྱི་ཚོགས་འདུ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་བའི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་།ཚོགས་འདུ་མ་འཚོག་གོང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་མའོ་ཙེ་ཏུང་དང་།ཏེང་ཞའོ་ཕིང་།ཅང་ཙེ་མིན།ཧུའུ་ཅིན་ཐའོ་བཅས་བློ་མཐུན་དང་དེ་བཞིན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་གནང་བ་དང་སྙིང་གཏམ་གསུང་རེས་དང་བཀའ་མོལ་གནང་ནས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་གཞི་གསན་ཁར་སྤྱོད་ཚུལ་ལེགས་གཏོང་དང་མིག་དཔེའི་ནུས་པ་འདོན་རྒྱུའི་ཐད་བསམ་ཞིབ་དང་དབྱེ་ཞིབ་གནང་བ་དང་ཁོང་རྣམ་པས་གཏམ་བཤད་ཀྱི་གནད་བསྡུས་བྲིས་གནང་བ་རེད།
       དེ་དང་ཆབས་ཅིག་ཀྲུང་དབྱང་གི་བླང་བྱ་ལྟར་ཀྲུང་དབྱང་གཞུང་དོན་ཐིང་གིས་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་།ཀྲུང་དབྱང་དྲིལ་བསྒྲགས་པུའུ།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་།ནོར་སྲིད་པུའུ་བཅས་དང་མཉམ་དུ་ཏང་ཡོངས་ཀྱིས་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་ཚུལ་ལ་བརྟག་དཔྱད་ཤེས་རྟོགས་བྱས་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱོད་ཚུལ་ལེགས་གཏོང་ཐད་དགོངས་འཆར་བསྡུ་ལེན་གནང་བ་རེད།
       ཚོགས་འདུ་ཚོགས་ཡུན་ཉིན་དྲུག་དང་ཕྱེད་ཀའི་ནང་གྲོས་གཞི་3 ལེགས་འགྲུབ་བྱུང་བ་སྟེ།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་ཚུལ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱོད་ཚུལ་ལེགས་གཏོང་ཐད་བསམ་འཆར་བསྡུ་ལེན་བྱས་ཚུལ་གྱི་སྙན་སེང་དང་དེ་བཞིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རང་ཉིད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱས་པའི་གཏམ་བཤད་དང་ཞིབ་བསྡུར་སྐྱོན་བཤེར་བྱས་ཚུལ་གསན་ཁར་སྤྱོད་ཚུལ་ལེགས་གཏོང་གི་བྱ་ཐབས་དང་ལམ་ལུགས་གྲོས་བསྡུར་ཞིབ་འཇུག་གནང་བ་རེད།
       ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་པའི་གཞི་རྩའི་བླང་བྱ་ཞིག་ནི་གཞན་ལ་སྒྲུབ་ཐུབ་པ་བྱེད་དགོས་པའི་རེ་བ་འདོན་པར་དང་ཐོག་རང་ཉིད་ཀྱིས་སྒྲུབ་ཐུབ་པ་བྱེད་པ་དང་གཞན་ལ་སྒྲུབ་མི་དགོས་པའི་རེ་བ་བཏོན་ཚེ་རང་ཉིད་ཀྱིས་གཏན་ནས་སྒྲུབ་རྒྱུ་མེད་པ་དེ་རེད།སྤྱོད་ཚུལ་ལེགས་གཏོང་བྱེད་པར་ཀྲུང་དབྱང་ཆབ་སྲིད་ཅུས་ནས་དམ་འཛིན་ཏན་ཏིག་བྱེད་དགོས།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོས་ཚུན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་འགོ་ཁྲིད་བློ་མཐུན་ཚོས་རང་འགུལ་དང་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་བརྟག་ཞིབ་ལེགས་གཏོང་དང་ཚོགས་འདུ་ཉུང་འཕྲི་བྱེད་པའི་བྱེད་སྒོ་དང་།ཡིག་ཆ་སྙིང་བསྡུས་དང་འཚམས་འདྲིར་སྐྱོད་རྒྱུ་ཚད་ལྡན་བཟོ་བའི་བྱེད་སྒོཉེན་སྲུང་ལས་དོན་ལེགས་བཅོས་དང་།གསར་འགྱུར་གཏོང་སྤེལ་བྱེད་སྟངས་ལེགས་གཏོང་།ཧུར་བསྲི་གྲོན་ཆུང་བྱེད་པ་སོགས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།ས་ཁུལ་དང་།སྡེ་ཚན།ཚན་པ་བཅས་ཁག་གིས་མཐོང་ཆེན་དང་བཀོད་སྒྲིག་མྱུར་པོ་བྱས་ཏེ་སྒྲིག་ཁྲིམས་སྒྲིག་སྲོལ་བཟོས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད།དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་འཕྲལ་མར་བྱ་སྤྱོད་ཧུར་ཐག་སྤེལ་ཡོད།སྤྱོད་ཚུལ་ལེགས་གཏོང་ལས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་དམིགས་ཡུལ་གྱི་འདུ་ཤེས་དང་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ནས་ཕེབས་བསུ་ཕེབས་སྐྱེལ་ཞུ་བ་དང་།ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ།རྒྱས་སྤྲོས་ཆུད་ཟོས་གཏོང་བ་སོགས་ཀྱི་ཚུལ་མིན་སྣང་ཚུལ་ལ་ཚོད་འཛིན་ནུས་ལྡན་ཐུབ་པ་དང་།ཏང་སྲོལ་སྲིད་སྲོལ་ལེགས་སུ་གཏོང་རྒྱུར་སྐུལ་སྤེལ་ཐུབ་པ།སྤྱི་ཚོགས་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་ཁྲིད་སྟོན་ཐུབ་པ།མང་ཚོགས་ཁྲོད་ཀྱི་ཏང་གི་དབང་གྲགས་ཆེ་རུ་ཕྱིན་པ།རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཧུར་སེམས་ཆེ་རུ་ཕྱིན་པ་བཅས་བྱུང་ནས་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་རྒྱུར་བསམ་བློ་དང་ལས་ཀའི་རྨང་གཞི་གལ་ཆེན་ཞིག་བཏིང་ཡོད་པའི་ངོས་འཛིན་གནང་བ་རེད།
       ཚོགས་འདུའི་ཐོག་དེང་སྐབས་རང་རྒྱལ་ལ་འཕྲད་པའི་དུས་བབ་རྙོག་འཛིང་ཆེན་པོ་ཡིན་པས་ཉམས་ཉེན་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་བཅག་ནས་ཏང་གི་སྲིད་འཛིན་རྨང་གཞི་དང་སྲིད་སྐྱོང་གནས་བབ་ཇི་ལྟར་བྱས་ནས་སྲ་བརྟན་དུ་གཏོང་བ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་ཇི་ལྟར་བྱས་ནས་མངོན་འགྱུར་ཡོང་བ་བྱེད་པ་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཆབ་སྲིད་ཀྱི་བློ་གྲོས་དང་།འགོ་ཁྲིད་བྱེད་ནུས།ལས་ཀའི་སྤྱོད་ཚུལ་བཅས་ཀྱི་ངོས་ནས་བརྗོད་ན།ཐད་ཀར་དང་།རྒྱུན་གཏན།གལ་ཆེ་བཅས་ཀྱི་ཉམས་ཚོད་ཅིག་ཡིན་པར་བརྟེན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་འགན་འཁྲི་ལྕི་པོ་དེ་འཁུར་ནས་ཏང་ཡོངས་དང་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཐུན་མོང་འབད་འཐབ་བྱེད་པར་སྔོན་དུ་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ནས་བྱ་བ་ཐམས་ཅད་རང་ཉིད་ནས་འགོ་བཙུགས་ཏེ་སྒྲུབ་དགོས།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱས་པའི་ལག་ལེན་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་དཔེ་གཞན་སྟོན་བྱས་ཏེ་གོང་འོག་གཉིས་འཕེར་ཐུབ་པ་དང་དཔེ་སྟོན་གྱི་ནུས་པ་ཐོན་ཚེ་ཏང་ཡོངས་ལ་སྟོབས་ཤུགས་ལྡན་ངེས་ཡིན་པ་དང་ང་ཚོས་དཀའ་ཉེན་གང་ལའང་སྐྲག་མི་སྲིད་ཅེས་ནན་བཤད་གནང་བ་རེད།
       ཚོགས་འདུའི་ཐོག་ཕྱོགས་ཁག་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱོད་ཚུལ་ལེགས་གཏོང་ཐད་སྣེ་ཁྲིད་བྱས་པར་ཁས་ལེན་གང་ལེགས་དང་སྤྱོད་ཚུལ་ལེགས་གཏོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད།ཕྱོགས་ཁག་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ལ་རེ་བ་ནན་པོ་བཅོལ་གནང་བས་ཀྲུང་དབྱང་ཆབ་སྲིད་ཅུས་ལ་སྐུལ་ལྕག་ཆེན་པོ་ཐེབས་ནས་སྤྱོད་ཚུལ་དམ་འཛིན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་དེ་བས་བརྟན་དུ་སོང་ཁར་ལྷག་པའི་གནད་དོན་དང་མི་འདང་བའི་ཆའང་མཐོང་ནས་ཕྲག་ཐོག་ཏུ་འཁུར་བའི་འགན་འཁྲི་དང་འོས་འགན་གསལ་རྟོགས་ཐུབ་ཡོད།གོམ་སྟབས་རྗེས་མར་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཞིབ་འཇུག་ནན་ཏན་དང་།ཕྱོགས་བསྡུས་དཔྱད་དཔོགབྱ་ཐབས་ལག་བསྟར།ལམ་ལུགས་འཐུས་ཚང་།“གཅུས་གཟེར་གྱི་སྙིང་སྟོབས”དར་སྤེལ་བཅས་བཏང་སྟེ་གཏན་འབེབས་དོན་ཚན་བརྒྱད་སྔར་བས་དོན་འཁྱོལ་བ་དང་ལྷག་པར་དུ་ལམ་ལུགས་ཀྱི་ཚོད་འཛིན་དེ་འགྱུར་མེད་ཀྱི་ཚོད་འཛིན་ལ་བརྩིས་ཏེ་གང་གསུང་དེ་སྒྲུབ་ལས་དམིགས་བསལ་བྱེད་མི་ཆོག་པ་དང་ཀྲུང་དབྱང་གི་གཏན་འབེབས་ལས་གཡོལ་ཐབས་བྱེད་པའི་བྱེད་སྤྱོད་མཐའ་དག་བཅོས་སྒྲིག་ནན་པོ་བྱས་ཏེ་གོང་གི་སྲིད་ཇུས་ལ་འོག་གིས་གཡོལ་ཐབས་རྩ་བ་ནས་བྱེད་མི་ཆོག་ལ་གཏན་འབེབས་དང་མ་མཐུན་པའི་རིགས་བྱེད་མི་ཆོག་པའི་ངོས་འཛིན་གནང་བ་རེད།
       ཚོགས་འདུའི་ཐོག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྔར་བས་དོན་འཁྱོལ་བྱེད་པར་ཕྱི་ཚུལ་རིང་ལུགས་དང་།དཔོན་ཉམས་རིང་ལུགས།སྐྱིད་འདོད་རིང་ལུགས།བག་མེད་ལོངས་སྤྱོད་བཅས“སྤྱོད་ཚུལ་བཞི”ལ་ངོ་རྒོལ་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས།སྤྱོད་ཚུལ་གྱི་གནད་དོན་ནི་རུལ་སུངས་ཀྱི་འབྱུང་རྩ་ཡིན་པས་བསམ་བློའི་སློབ་གསོ་བཏང་སྟེ“སྤྱོད་ཚུལ་བཞིའི”བྱུང་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་འཇིག་རྟེན་ལྟ་བ་དང་།མི་ཚེའི་ལྟ་བ།རིན་ཐང་ལྟ་བ་བཅས་ཀྱི“འགག་སྒོ་གཙོ་བོའི”གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།དོན་དངོས་དང་ཟུང་འབྲེལ་བྱས་ཏེ“སྤྱོད་ཚུལ་བཞིའི”ཞིབ་ཕྲའི་མངོན་ཚུལ་གནད་ལ་འཕིགས་པའི་སྒོ་ནས་བཙལ་ཏེ་གཙོ་གནད་མངོན་གསལ་དོད་པ་དང་བཅོས་སྒྲིག་ནན་པོ་བྱས་ཐོག་དངོས་ཕན་གང་མགྱོ གས་ཐོབ་ཐབས་བྱེད་དགོས།ལྷག་པར་དུ་སློབ་སྲོལ་དང་།རྩོམ་སྲོལ།ཚོགས་སྲོལ་བཅས་ལ་འགྱུར་ལྡོག་གཏོང་བ་དང་།“གཞུང་གྲོན་གསུམ”ལ་ཚོད་འཛིན་ནན་པོ་བྱེད་པ།དཔོན་གནས་ཐོབ་ཐབས་བྱེད་པ་སོགས་ཀྱི་མི་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་བྱེད་པ།ཟ་ལེན་འགོག་སློང་གི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ།ཚོགས་མིའི་གཱ་དང་ཚོང་ལས་སྔོན་གཏོང་གཱ་ལེན་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ།“གཟུགས་བརྙན་ལས་གྲྭ”དང“སྲིད་དོན་ལས་རྗེས་ལས་གྲྭ”དང་དེ་བཞིན་དུས་ཆེན་ཁག་དང་།གླེང་སྟེགས།ཚོང་འགུགས་ཚོགས་འདུ།རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་སོགས་ཚོགས་འདུ་མང་པོ་འཚོགས་པའི་གནད་དོན་ཐག་གཅོད་བྱེད་པ།ཐོག་ཁང་དང་།ཚོགས་ཁང་།འགྲུལ་ཁང་།སྣེ་ལེན་ཁང་བཅས་གང་བྱུང་དུ་བསྐྲུན་པའི་གནད་དོན་ཐག་གཅོད་བཅས་བྱེད་དགོས།འགོ་ཁྲིད་ལས་བྱེད་པའི་གཞུང་དོན་ཁང་དང་།སྡོད་ཁང་།རླངས་འཁོར།དྲུང་ཡིག་བསྐོ་གཞགགཞུང་དོན་སྣེ་ལེན།སྐུ་སྲུང་།ཕན་བདེ།འཁོར་ཞག་སོགས་ལས་ཀ་དང་འཚོ་བའི་ཐོབ་ཐང་གི་ཚད་གཞི་གཅིག་གྱུར་ཐོག་བཟོ་དགོས་ལ་ལག་རྟགས་མི་སྤྲོད་པ་དང་ལག་རྟགས་མི་ལེན་པའི་གཏན་འབེབས་དོན་འཁྱོལ་བྱས་ནས་གཏན་འབེབས་ལས་བརྒལ་བ་དང་ཚད་གཞི་ལས་བརྒལ་ཏེ་ཐོབ་ཐང་ལོངས་སྤྱོད་བྱེད་པའི་གནད་དོན་སྣ་ཚོགས་ཐག་གཅོད་ཏན་ཏིག་བྱེད་དགོས།ནོར་སྲིད་ལམ་ལུགས་དང་།ཞིབ་མཆན་ལམ་ལུགས།ཐབས་ཇུས་ལམ་སྲོལ་སོགས་ཐད་ལ་སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་བྱེད་དགོས་ལ་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས་པའི་མཛུབ་སྟོན་གནང་བ་རེད།
       ཚོགས་འདུའི་ཐོག་ཏང་གིས་ཏང་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་སྤྱོད་ཚུལ་ལེགས་གཏོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་འགན་ལེན་ནུས་ལྡན་ཞིག་ཡིན།ཕུགས་བསམ་དད་སེམས་དང་དམིགས་ཡུལ་འདུ་ཤེས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བའི་བསམ་བློའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས།འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་ནུས་པར་ཤུགས་སྣོན་བརྒྱབ་སྟེ་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་ཆེད་མིག་དཔེ་སྟོན་དགོས།ཏང་ནང་གི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་བཏང་སྟེ་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་ལག་བསྟར་གང་ལེགས་བྱེད་དགོས།ལས་བྱེད་པའི་སྲིད་དོན་ལས་རྗེས་དཔྱད་ཞིབ་དང་གདེང་འཇོག་བྱེད་ལམ་འཐུས་ཚང་དུ་བཏང་སྟེ་ཚན་རིག་དང་མཐུན་པའི་སྲིད་དོན་ལས་རྗེས་ལ་བརྟེན་ནས་བཀོད་འདོམས་བྱེད་མཁན་གྱི་སྐུལ་འདེད་ནུས་པར་འགྱུར་རྒྱུར་དཔྱད་ཞིབ་བྱེད་དགོས།ཡང་དག་ངང་མི་སྤྱོད་ལམ་ཕྱོགས་བཟོས་ཏེ་སྤྱོད་ཚུལ་ལེགས་པའི་ལས་བྱེད་པ་རྣམས་ལས་གནས་གལ་ཆེ་སར་བསྐོ་དགོས་པ་དང་སྤྱོད་ཚུལ་ལེགས་པོ་མེད་པའི་ལས་བྱེད་པ་རྣམས་ལ་དྲན་སྐུལ་བྱས་ནས་བསླབ་བྱ་ཐོབ་པ་བྱེད་དགོས།སྒྱུར་བཅོས་གཏིང་ཟབ་དང་།འགན་ནུས་བསྒྱུར་ཏེ་ལམ་ལུགས་དང་ལམ་སྲོལ་ཐོག་ནས་ཚུལ་མིན་སྤྱོད་ཚུལ་དར་ཁྱབ་འབྱུང་རྐྱེན་ཚོད་འཛིན་བྱེད་དགོས་པ་དང་སྒྱུར་བཅོས་ཀྱི་ཐབས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་གཏོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་ཐབས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་གཏོང་དམ་འཛིན་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་དེ་ལམ་ལུགས་དང་།ཚད་ལྡན།རྒྱུན་གཏན་བཅས་སུ་འགྱུར་བ་བྱེད་དགོས།འགན་འཁྲི་རྩད་གཅོད་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་བཏང་སྟེ་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ཐོག་ལྟ་སྐུལ་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
       ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་ནན་པོ་བྱས་ནས་ཐོབ་པའི་ཕན་པར་ཁས་ལེན་གང་ལེགས་གནང་བ་དང་།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་ཞིབ་བསྡུར་སྐྱོན་བཤེར་བྱེད་པའི་གཏམ་བཤད་ལ་ཕྱོགས་སྡོམ་གནང་བ།ལས་ཀའི་སྤྱོད་ཚུལ་ལེགས་གཏོང་དང་ཏང་ནང་ཁུལ་གྱི་འབྲེལ་ཡོད་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་ནི་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ནང་དོན་གལ་ཆེན་ཡིན་པའི་ནན་བཤད་གནང་ཡོད་ཅིང་།ཁོང་གིས་ད་རེས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཆེད་དོན་ཚོགས་འདུ་དེ་ཡག་པོ་འཚོགས་འདུགབློ་མཐུན་ཚོའི་གཏམ་བཤད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ཟུང་འབྲེལ་བྱས་ནས་སྤྱོད་ཚུལ་གྱི་གནད་དོན་ལ་དམིགས་ཁར་རང་ཉིད་ཀྱི་བསམ་བློ་དང་ལས་ཀའི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་ནང་དོན་གཅིག་སྡུད་ཡོང་བ་དང་།ཞིབ་བཤེར་གཏིང་ཟབ་བྱེད་པ།གྲོས་བསྡུར་འཁྲུག་པོ་བྱེད་པ།ཁ་ཕྱོགས་གསལ་པོ་ཡོང་བ་བྱས་ཏེ་གཟབ་ནན་ཞི་མཐུན་གྱི་རྣམ་པའི་ཁྲོད་སྙིང་གཏམ་གསུངས་རེས་དང་།དགོངས་འཆར་བསྡུར་རེས་གནང་བ།གནད་དོན་ལ་གྲོས་བསྡུར།ལྟ་ཚུལ་སྤེལ་རེས་གནང་བ་བཅས་ཚོགས་འདུ་ཡག་པོ་ཞིག་ཡིན་པས་ངོས་འཛིན་མཐོར་གཏོང་དང་།བསམ་བློ་གཅིག་གྱུར།སྤྱོད་ཚུལ་ལེགས་གཏོང་བཅས་ཀྱི་དམིགས་ཡུལ་བསྒྲུབས་ཡོད།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགན་འཁུར་བའི་རྣམ་འགྱུར་འཛིན་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་དང་གནད་དོན་གལ་ཆེན་སྒྲུབ་རྒྱུར་དམིགས་ཏེ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དགོངས་འཆར་དང་གྲོས་འགོ་བཏོན་གནང་ཡོད།གཟབ་ནན་གྱི་རྣམ་འགྱུར་དང་འགན་འཁུར་བའི་སྙིང་སྟོབས་དེ་རིགས་རྒྱུན་འཁྱོངས་དང་དར་སྤེལ་གཏོང་དགོས་ཞེས་གསུངས་པ་རེད།ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་ཀའི་ཆུ་ཚད་གོང་མཐོར་གཏོང་ཕྱིར་བླང་བྱ་ཁག་ལྔ་བཏོན་གནང་བ་སྟེ།
       དང་པོ།བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས་ཤིང་།    ཡང་དག་པའི་ཆབ་སྲིད་ཀྱི་ལམ་ཕྱོགས་དང་།ཆབ་སྲིད་ཀྱི་ལངས་ཕྱོགས།ཆབ་སྲིད་ཀྱི་ཁ་ཕྱོགས།ཆབ་སྲིད་ཀྱི་འགྲོ་ལམ་བཅས་མཐའ་འཁྱོངས་བྱ་རྒྱུ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་ཀྱི་དོན་ཆེན་ཨང་དང་པོ་རེད་ལ་ཆབ་སྲིད་ཅུས་ཀྱི་དོན་ཆེན་ཨང་དང་པོའང་རེད།ཀྲུང་དབྱང་ཆབ་སྲིད་ཅུས་སྟོབས་ཤུགས་ཆེ་མིན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གྱི་སྟོབས་ཤུགས་ཆེ་མིན་དེ་དང་ཐོག་ཆབ་སྲིད་ཐད་སྟོབས་ཤུགས་ཆེ་མིན་ལ་བལྟ་དགོས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་ལྟ་བར་བརྟེན་ནས་རང་ཉིད་ལ་བསྡུར་བ་དང་།རང་ཉིད་ལ་སྒྱུར་བཀོད་གཏོང་བ།རང་ཉིད་གོང་མཐོར་གཏོང་བ་བཅས་མཐའ་འཁྱོངས་བྱེད་དགོས།མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལྷག་པར་དུ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པ་བྱེད་པ་དང་།བསམ་བློའི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ།ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ།ཆབ་སྲིད་ཀྱི་ཚོར་བ་སྐྱེན་པོ་དང་ཆབ་སྲིད་ཀྱི་ཤན་འབྱེད་ནུས་པ་ཆེ་རུ་འགྲོ་བ་བཅས་བྱེད་དགོས།ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་དང།སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས།ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་དབང་བདེ་འཇགས་ཀྱི་སྤྱི་ཡོངས།ཏང་ཡོངས་དང་རྒྱལ་ཡོངས་མཐུན་སྒྲིལ་གྱི་སྤྱི་ཡོངས་བཅས་ལ་ངོས་འཛིན་ཡང་དག་དང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་སྤྱི་ཡོངས་ལ་དམིགས་ནས་རང་རྟོགས་ངང་གནད་དོན་ལ་བསམ་བློ་གཏོང་བ་དང་ལས་དོན་སྒྲུབ་དགོས་པ་དང་།
       གཉིས་པ།འཕེལ་ཕྱོགས་ཆེན་པོར་བརྟག་མཁས་པ་དང་དོན་ཆེན་སྒྲུབ་མཁས་པོ་བྱེད་དགོས་ཤིང་།    བྱ་དངོས་ཐམས་ཅད་ཟམ་མི་ཆད་པར་འགྱུར་ལྡོག་འགྲོ་བཞིན་པ་དང་ཕན་ཚུན་འབྲེལ་བའི་ཚུལ་དུ་གནས་ཡོད་པས་མིག་རྒྱང་རིང་པོའི་ཐོག་ནས་ཀྲུང་གོ་དང་འཛམ་གླིང་གི་འཕེལ་རྒྱས་ཆེན་པོར་ངོས་འཛིན་ཡང་དག་བྱེད་པ་དང་འགྲོ་ཕྱོགས་་དང་བསྟུན་པ་དང་ཏང་དང་རྒྱལ་ཁབ་ལ་འཕྲད་པའི་དོན་ཆེན་ལ་ངོས་འཛིན་ཡང་དག་དང་ཐག་གཅོད་འོས་འཚམ་བྱས་ཚེ་གཞི་ནས་ལས་ཀའི་རང་འགུལ་དབང་ཆ་སྟངས་འཛིན་ཐུབ་པ་དང་དུས་རབས་མདུན་སྐྱོད་ཀྱི་གོམ་སྟབས་རྗེས་སུ་སྙེག་ནས་བྱ་གཞག་བདེ་བླག་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཐུབ།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཞི་བདེ་དང་།འཕེལ་རྒྱས།མཉམ་ལས།གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་མཁས་པོ་དང་འབྱོར་ཕྱུག་དང་།དམངས་གཙོ།ཤེས་དཔལ།ཞི་མཐུན་བཅས་ཀྱི་རྒྱལ་ནང་གི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་བྱེད་མཁས་པོ་བྱེད་དགོས།དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་།དམངས་གཙོ་ཁྲིམས་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་དར་སྤེལ་གཏོང་བ།དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ།སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད་བྱེད་པ་དང་ལེགས་སུ་གཏོང་བ།སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ།ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་བ་དང་ཏང་གི་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་བ།རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ།རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ།བརྟན་ལྷིང་གི་མཐའ་འཁོར་ཁོར་ཡུག་ཅིག་གཏོད་པ།རྒྱལ་ཁབ་ཆེན་པོའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་སོགས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་ཆེས་རྒྱ་ཆེའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དེ་དག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱེད་པ་དང་བློ་རྩེ་གཅིག་སྒྲིམ་ངང་བསམ་བློ་གཏོང་བ་དང་སེམས་ནུས་གཅིག་སྡུད་ཀྱི་སྒོ་ནས་ལས་དོན་སྒྲུབ་དགོས།ཀྲུང་དབྱང་ཆབ་སྲིད་ཅུས་ནི་ཚོགས་སྤྱི་ཞིག་ཡིན་པས་བློ་མཐུན་ཚང་མས་ཁྱོན་ཡོངས་ཀྱི་ལས་ཀ་ཡག་པོ་སྒྲུབ་རྒྱུ་ནས་འགོ་བཙུགས་ཏེ་ཅུས་ཡོངས་སུ་རང་འཁྲིའི་ལས་ཀའི་གནས་བབ་ཡག་པོ་བཙལ་ནས་ལས་ཀའི་མཉམ་ཤུགས་ཆེ་རུ་བཏང་ཐོག་ཏང་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་དང་རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་ཡོང་ཐུབ་པ་བྱེད་དགོས་པ།
       གསུམ་པ།དམངས་གཙོ་གཅིག་སྡུད་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་ཤིང་།   ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལས་དོན་སྒྲུབ་སྐབས་སྒྲིག་སྲོལ་དང་གོ་རིམ་ནན་པོར་གཞིགས་ནས་སྒྲུབ་དགོས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལས་དོན་ལ་གྲོས་བསྡུར་དང་ཞིབ་འཇུག་བྱེད་སྐབས་གང་བསམ་ལྷུག་གླེང་དང་བློ་མཐུན་ཚང་མས་བསམ་འཆར་གང་ཡོད་འདོན་པ་དང་བློ་གྲོས་འདོན་སྤེལ་ཧུར་ཐག་བྱ་རྒྱུའི་སྐུལ་མ་བཏང་སྟེ་བློ་བསྡུས་དགེ་འཚོལ་བྱེད་པའི་རྨང་གཞིའི་ཐོག་མང་ཁ་ཉུང་ཉན་གྱི་རྩ་དོན་ལྟར་ཐུན་མོང་ཐོག་ཐབས་ཇུས་བཟོ་དགོས།ཐབས་ཇུས་བཟོས་རྗེས་ངེས་པར་དུ་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ་དང་ཆད་ལུས་མེད་པར་དམ་འཛིན་མཐའ་གཅིག་ཏུ་བྱས་ནས་ཕན་འབྲས་ཐོན་པ་བྱེད་དགོས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ནང་ཁུལ་དུ་ཀུན་སློང་བཟང་ཞིང་དངོས་ཐོག་བདེན་འཚོལ་གྱི་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཧུར་ཐག་བྱ་རྒྱུ་དར་སྤེལ་གཏོང་བ་དང་ཚང་མས་ལྷག་བསམ་ཟོལ་མེད་དང་།བསྲེགས་བཅད་བརྡར་གསུམ་དང་།བཅག་ནན་བརྡར་གསུམ་བྱེད་པ་ལྟར་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་བྱེད་པ་དང་བསམ་བློའི་ངོས་འཛིན་སྤེལ་རེས་བྱས་ཏེ་བློ་མཐུན་ལ་རོགས་རམ་བྱེད་པ་དང་།མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ།ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་དམིགས་ཡུལ་སྒྲུབ་ཐུབ་པ་བྱེད་དགོས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཀྲུང་དབྱང་གི་དབང་གྲགས་རང་རྟོགས་ངང་སྲུང་སྐྱོང་བྱས་ནས་བསམ་བློ་དང་།ཆབ་སྲིད།བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་གི་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་རང་རྟོགས་ངང་དང་ལེན་ཞུ་བ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་བཟོས་པའི་གཏན་འབེབས་དང་ཐབས་ཇུས་ལག་བསྟར་ནན་ཏན་བྱས་ཏེ་གནད་དོན་གལ་ཆེན་གཏན་འབེབས་གཞིར་བཟུང་དགོངས་སྐོར་སྙན་སེང་ཞུ་རྒྱུ་མཐའ་འཁྱོངས་དང་བྱ་སྤྱོད་ངོ་མར་བརྟེན་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚད་མཐོའི་མཐུན་སྒྲིལ་གཅིག་གྱུར་དང་གོམ་སྟབས་གཅིག་མཐུན་གྱི་གཟུགས་བརྙན་བཟང་པོ་གཏོད་དགོས་པ།
       བཞི་པ།དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་།   ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངེས་པར་དུ་གནམ་འོག་སྤྱི་ལ་དབང་བའི་བློ་རྒྱ་ཡངས་པོ་དང་སྒེར་སེམས་སྣ་ཚོགས་དོར་ཏེ་ཀྲུང་གོ་མི་དམངས་ཡོངས་ལ་ཁེ་ཕན་དོན་གཉེར་བྱ་རྒྱུ་དེ་རང་ཉིད་ཀྱི་དོན་གཉེར་འབའ་ཞིག་ཏུ་བརྩིས་ཏེ་ཏང་གི་བྱ་གཞག་དང་མི་དམངས་ཀྱི་ཁེ་ཕན་ཆེད་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འདོན་དགོས།ཡང་དག་པའི་དབང་ཆའི་ལྟ་བ་དང་།གནས་བབ་ཀྱི་ལྟ་བ།ཁེ་ཕན་གྱི་ལྟ་བ་བཅས་འཛུགས་རྒྱུའི་སྣེ་འཁྲིད་དེ་རང་བརྩི་དང་།རང་བརྟགརང་ཟོན།རང་སྐུལ་བཅས་མཐའ་འཁྱོངས་བྱེད་པ་དང་།ཏང་ལུགས་རྒྱལ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་བ།ལམ་ལུགས་དང་གོ་རིམ་ལ་ནན་ཏན་ངང་གཞིགས་ཏེ་བྱ་བ་སྒྲུབ་པ།རང་ཉིད་ཀྱི་གཉེན་ཉེ་དང་འགྲམ་གྱི་ལས་དོན་པར་དོ་དམ་ནན་པོ་བྱེད་པ།དབང་ཆར་བརྟེན་ནས་སྒེར་དོན་མི་སྒྲུབ་པ།དམིགས་བསལ་མི་བྱེད་པ་བཅས་ཀྱི་ཐོག་ནས་ཏང་ཡོངས་ཀྱི་བློ་མཐུན་ཚོར་ཏང་དང་མི་དམངས་ལ་དགའ་ཞེན་དང་།སྲིད་བརྩོན་ལས་བཀུར།སྤྱོད་གཙང་གཞུང་དྲང་བཅས་ཀྱི་མིག་དཔེ་འདོན་དགོས་པ།
       ལྔ་པ།མི་དམངས་མང་ཚོགས་དང་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས་ཤིང་།   ཀྲུང་དབྱང་ཆབ་སྲིད་ཅུས་དེ་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཆེས་མཐོ་རིམ་དུ་གནས་པས་ངེས་པར་དུ་དམངས་ཀྱི་གནས་ཚུལ་རྟོགས་པ་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་དགོས།སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་དེ་ལས་དོན་ཧྲིལ་པོའི་ཁྲོད་དོན་འཁྱོལ་བྱས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་ནན་ཏན་དང་།མི་དམངས་ཀྱི་གནས་བབ་གཙོ་བོ་མཐའ་འཁྱོངས།མི་དམངས་ཀྱི་སྔོན་གཏོད་སྙིང་སྟོབས་འདོན་སྤེལ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་།མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ།མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཟམ་མི་ཆད་པར་ཐོབ་པར་བྱེད་པ་དང་།མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་།རང་འགུལ་རང་བཞིན།གསར་གཏོད་རང་བཞིན་བཅས་སྒོ་ཀུན་ནས་སྐུལ་སློང་བྱེད་དགོས་པ་བཅས་རེད།
       ཚོགས་འདུའི་ཐོག་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འབྲེལ་ཡོད་ལམ་ལུགས་ཀྱི་གཏན་འབེབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་།ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་འཁྲིད་ནས་བརྩི་སྲུང་ནན་པོ་ཞུ་དགོས་པ་མ་ཟད་ས་གནས་ཁག་དང་སྡེ་ཚན་ཁག་གིས་རང་རྟོགས་ངང་འབྲེལ་ཡོད་གཏན་འབེབས་ལག་བསྟར་ཇི་མ་ཇི་བཞིན་བྱེད་པ་ལས་བབ་བསྟུན་མི་བྱེད་པ་དང་།སྒྲིག་འགལ་བྱེད་སྤྱོད་རྩད་གཅོད་ནན་པོ་བྱེད་པ།བྱ་སྤྱོད་ངོ་མར་བརྟེན་ནས་ལམ་ལུགས་ཀྱི་དབང་གྲགས་རང་བཞིན་སྲུང་སྐྱོང་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།