ཝང་ཧྲུའུ་ཧྥུན་བདེ་ཆེན་ཁུལ་དུ་བརྟག་ཞིབ་ཕེབས་པ།

རྩོམ་པ་པོ།   བསོད་ནམས་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-07-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།


        ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧྲུའུ་ཧྥུན་གྱིས་འཇོལ་རྫོང་རྒན་གསོ་ཁང་དུ་རྒན་པ་དང་གླེང་མོལ་བྱེད་བཞིན་པ།        (དབྱངས་ཅན་སྒྲོལ་མས་པར་བླངས་པ།)

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཚེས་13ཉིན་ནས་ཚེས་16ཉིན་བར།ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧྲུའུ་ཧྥུན་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན།ནོར་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།སྔོན་རྩིས་ལས་ཀའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲའོ་ཞིན་ཆན།ཞིང་ཆེན་དམངས་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཅན་ཞིན་སོགས་འགོ་ཁྲིད་དང་བཅས་པ་རང་ཁུལ་དུ་ཕེབས་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་དང་སྲིད་གཞུང་གི་སྔོན་རྩིས་དང་ངེས་རྩིས་ཀྱི་ཞིབ་བཤེར་ལྟ་སྐུལ་ལས་ཀར་བརྟག་ཞིབ་བྱས་པ་རེད།ཝང་ཧྲུའུ་ཧྥུན་གྱིས་ནན་གྱིས་གསུངས་དོན།འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་གནད་ཆེ་གཙོར་བཟུང་བ།ཧུར་ཐག་གིས་རྟོག་ཞིབ་བྱེད་པ་དང་མུ་མཐུད་དུ་གསར་སྐྲུན་བྱས་ཏེ།བདེ་ཆེན་གྱི་ལེགས་ཤུགས་ཕྱིར་མཚོན་པར་བྱེད་ཐུབ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་དགོས།
        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་མ་ཝུན་ལུང་དང་།    ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཚན་ཀོང་།ཁུལ་ཨུའི་རྒྱུན་ཨུ།ཁུལ་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ཀྲང་ཀྲི་ཅུན།ཁུལ་ཨུའི་རྒྱུན་ཨུ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཧྲུའུ་ཅི་ཡུས་ཧྲེང་ཞང་།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་པད་དཀར་དང་དབྱང་ཧྥེང་ཞི།ཕུའུ་ལུའུ་ཧྭ་དང་དྲུང་ཆེན་དབྱང་ཅན་ཧྭ་བཅས་དང་རྫོང་གསུམ་གྱི་རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཙོ་འགན་འཁུར་མཁན་བློ་མཐུན་སོགས་ཀྱིས་བརྟག་ཞིབ་དུ་ཕེབས་རོགས་ཞུས་པའམ་སྙན་ཞུའི་ཚོགས་འདུར་ཕེབས་པ་རེད།
        ཚེས་15ཉིན་གྱི་ཕྱི་དྲོར།བརྟག་ཞིབ་ཚོ་ཆུང་གིས་བཞུགས་མོལ་ཚོགས་འདུ་འཚོགས་ནས་རང་ཁུལ་གྱི་ལས་ཀའི་སྙན་ཞུ་ཉན་པ་རེད།
        སྙན་ཞུ་ཉན་རྗེས།ཝང་ཧྲུའུ་ཧྥུན་གྱིས་བདེ་ཆེན་གྱི་རིམ་པ་ཁག་གི་སྡེ་ཁག་སོ་སོ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སོགས་ཐད་ལ་བསྒྲུབས་པའི་ལས་ཀར་གདེང་འཇོག་གང་ལེགས་གནང་བ་རེད།
        མིག་སྔ་དང་དེ་ཕྱིན་དུས་སྐབས་ཤིག་རིང་གི་ལས་ཀ་ཁག་ལ་དམིགས་ནས།ཝང་ཧྲུའུ་ཧྥུན་གྱིས་བཏོན་དོན།གཅིག་ནི་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་འགྱུར་ཡོང་བའི་གསོན་ཤུགས་སྐུལ་སྤེལ་གཏོང་དགོས་པ་དང་དཔལ་འབྱོར་འཕེལ་རྒྱས་དེ་མཐོ་རུ་བཏང་ནས་རིམ་པ་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས།གཉིས་ནི་བསམ་བློའི་གླེང་ཕྱོགས་ཀྱི་རང་དབང་བརྟན་པོ་འཛིན་དགོས་པ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀ་དེ་མཐོ་རུ་བཏང་ནས་རིམ་པ་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས།གསུམ་ནི་ཤུགས་ཆེན་འཇོག་ནས་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་པ་དང་།དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པའི་ནུས་ཤུགས་མཐོ་རུ་བཏང་སྟེ་རིམ་པ་གསར་པ་ཞིག་ཏུ་སླེབས་པར་བྱས་ཏེ།མང་ཚོགས་ལ་གནད་དོན་ངོ་མ་ཐག་གཅོད་རོགས་བྱེད་དགོས།མིག་སྔར་ཤུགས་འཇོག་ནས་སྨན་བཅོས་དང་སློབ་གསོ།ལས་ཞུགས་སོགས་ཐད་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་སྤྱི་ཚོགས་འགན་སྲུང་དང་སྤྱི་ཚོགས་རོགས་སྐྱབས་མ་ལག་དེ་མངའ་ཁོངས་ཡོངས་སུ་ཁེབས་པར་སྐུལ་འདེད་གཏོང་དགོས།
        ཝང་ཧྲུའུ་ཧྥུན་གྱིས་ནན་གྱིས་གསུངས་དོན།བདེ་ཆེན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ལས་ཀའི་ཁྲོད་དུ་གནད་ཆེ་གཙོར་བཟུང་དང་།དགེ་མཚན་ལྡན་པའི་འཚོལ་ཞིབ་དང་མུ་མཐུད་དུ་གསར་སྐྲུན་བྱས་ནས་ཁྲིམས་འཛུགས་པ་དང་ལྟ་སྐུལ་ལས་ཀ་ཡག་པོ་སྒྲུབ་དགོས་ཤིང་།ལྟ་སྐུལ་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་ལྟ་སྐུལ་དང་རྒྱབ་སྐྱོར་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།ཐབས་བརྒྱ་ཇུས་སྟོང་གིས་“དཔེ་སྟོན་ཆུས”ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་ཤིང་ལེགས་པའི་ངང་འཕེལ་རྒྱས་ཡོང་བར་བྱས་རྗེས་འཇོག་དགོས།བདེ་ཆེན་ཁུལ་གྱི་ཏང་ཨུ་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་འོག་དང་།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱབ་སྐྱོར་འོག   ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་མཛུབ་སྟོན་བྱེད་པ་དང་རང་ཉིད་ཀྱི་ལེགས་ཤུགས་དང་ཟུང་འབྲེལ་བྱས་ནས།བསྒྱུར་བཅོས་དང་འཕེལ་རྒྱས།བརྟན་ལྷིང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་སྣེ་ཁྲིད་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་།མི་རིགས་མཐུན་སྒྲིལ་སོགས་ཐད་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་བྱས་རྗེས་གསར་པ་འཇོག་པར་འབད་བརྩོན་བྱེད་དགོས།དུས་མཚུངས་སུ།ཁོང་གིས་ད་དུང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་ཁུངས་འཛུགས་སྐྱོང་དང་དམིགས་བསལ་དུ་ནོར་སྲིད་ལྟ་སྐུལ་ལས་ཀའི་ཐད་ལ་གྲོས་འགོ་ཞིབ་ཕྲ་བཏོན་པ་རེད།