གླུ་བ་བཀྲ་ཤིས་དོན་གྲུབ་ཀྱི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-07-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        བཀྲ་ཤིས་དོན་གྲུབ་ཀྱི་ཕ་ཡུལ་ནི་མཛེས་སྡུག་ལྡན་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཡིན། ཁོའི་ཨ་མ་ནི་སྐད་གྲགས་ཆེ་བའི་བོད་ཀྱི་གླུ་དབྱངས་མཁས་པ་འཛོམས་གཡང་སྒྲོལ་མ་ཡིན་ལ་ཆུང་དུས་ནས་རོལ་དབྱངས་གྱི་ཤུགས་རྐྱེན་ཡག་པོ་ཐེབས་པ་རེད། ཁོ་ནི་ཧྲང་ཧའེ་རོལ་མོ་སློབ་གླིང་ནས་མཐར་ཕྱིན་ཞིང་། 2007ལོར་མེ་ཐེ་སི་པང་ཝེ་ཕོ་རབ་ཡག་པོ་ཤུགས་རྒྱག་པ་ཞེས་པའི་ཕུལ་བྱུང་གླུ་བ་འདེམས་པའི་བརྙན་འཕྲིན་འགྲན་རྩོད་ལེ་ཚན་དུ་ཞུགས་ཏེ་རྒྱལ་ཡོངས་ཀྱི་ཨང6པ་ཐོབ་པ།
       2007ལོར་ཁོས་རང་གི་ཆེད་སྒྲིག་དང་པོ《བཀྲ་ཤིས་དོན་གྲུབ》འགྲེམ་སྤེལ་བྱས་པ། དེའི་ནང་དུ་གཞས་གཙོ་བོ《ཁམས་བོད་ལམ》དང་《སེམས་ཀྱི་ཉི་ཟླ》སོགས་སྡུད་ཡོད། 2008ལོའི་ཟླ3པར་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་བཟོ་ལྟའི་གཞུང་ཚབ་ཏུ་བདམས་པ། 2009ལོར་ཆེད་སྒྲིག《བཀྲ་ཤིས་དོན་གྲུབ》ནང་གི་གཞས་《ཁམས་བོད་ལམ》ལ་རྒྱལ་ཡོངས་དར་ཁྱབ་ཆེ་བའི་ཕུལ་བྱུང་གླུ་དབྱངས་ཀྱི་འགྲན་བསྡུར་ཐོག་ཕུལ་བྱུང་གླུ་དབྱངས་ཀྱི་བྱ་དགའ་ཐོབ་པ། 2010ལོའི་ཟླ2པར་ཁམས་པའི་བརྙན་འཕྲིན་ཁང་གི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་སུ་ཞུགས་པ་རེད།
       བཀྲ་ཤིས་དོན་གྲུབ་ཀྱིས་གླུ་ལེན་པ་མ་ཟད། གློག་བརྙན་དང་བརྙན་འཕྲིན་ཟློས་གར་སོགས་སུའང་འཁྲབ་སྟོན་བྱས་ཡོད། གློག་བརྙན་གཙོ་བོར《ཅ་ཝུའུ་རྒྱ་མཚོའི་འཐབ་འཛིང་ཆེན་མོ》དང་《དྲི་ཞིམ་གྱི་གྲོང་ཁྱེར》སོགས་ཡོད་པ་དང་། བརྙན་འཕྲིན་ཟློས་གར་ལ《སེམས་ཀྱི་ཉི་ཟླ》བཅས་ཡོད་པ་རེད།