རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་གྲོལ་བ།

རྩོམ་པ་པོ།   དུས་ཚོད།   2013-07-02   རྩོམ་ཁུངས།   

ཧུའུ་ཅིན་ཐའོ་དང་། ཞིས་ཅིན་ཕིང་། ཝུའུ་པང་གོ དབུན་ཅ་པའོ། ཅ་ཆིང་ལིན། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་པ། ཡུས་ཀྲེང་ཧྲེང་གིས་གསུང་བཤད་གནང་བ།


       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་རྗེས་ཚེས་12ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད།ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་།ཚོགས་ཞུགས་ཚན་པ་ཁགརྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ།བདེན་འཚོལ་དངོས་སྒྲུབ་དང་།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན།གསར་འབྱེད་གསར་གཏོད་བཅས་ཀྱི་ཐོག་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
       ཚོགས་འདུ་དེ་ཡུས་ཀྲེང་ཧྲེང་གིས་གཙོ་སྐྱོང་གནང་བ་དང་།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་དང་།ལིང་ཅི་ཧྭ།ཧན་ཆི་ཏེ།འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།ཏུང་ཅན་ཧྭ།དབན་ཀང་།ལིན་ཝུན་དབྱི།ལུའོ་ཕུའུ་ཧོ།ཧོ་ཧོའུ་ཧྭ།ཀྲང་ཆིང་ལི།ལི་ཧའེ་ཧྥུང་།སུའུ་རུང་།ཁྲེན་ཡོན།ལུའུ་ཀྲེན་ཀུང་།ཀྲོའུ་ཞའོ་ཁྲོན།ཝང་ཅ་རུའེ།ཝང་ཀྲེང་ཝུའེ།མཱ་པེའོ།ཆི་ཤུས་ཁྲུན།ཁྲེན་ཞའོ་ཀོང་།མཱ་ཕེ་ཧྭ།ལིའུ་ཞའོ་ཧྥུང་།ཝང་ཆིན་མིང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།ཧུའུ་ཅིན་ཐའོ་དང་།ཞིས་ཅིན་ཕིང་།ཝུའུ་པང་གོདབུན་ཅ་པའོ།ཅ་ཆིང་ལིན།ལི་ཁེ་ཆང་།ལིའུ་ཡུན་ཧྲན།ཝང་ཆི་ཧྲན།ཀྲང་ཀའོ་ལི་བཅས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།
       སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་མཇུག་སྒྲིལ་ཚོགས་འདུ་ཚོགས་འགོ་ཚུགས་ཤིང་ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་ཞུགས་དགོས་པའི་ཨུ་ཡོན་2237ཡོད་པ་དང་དངོས་སུ་ཨུ་ཡོན་2170ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
       ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད་དང་།སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་རེད།
       ཡུས་ཀྲེང་ཧྲེང་གིས་གསུང་བཤད་གནང་སྐབས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་ཕྱིར་དཀའ་སྤྱད་འབད་བརྩོན་བྱེད་པའི་དུས་བབ་གསར་པའི་འོག་འཚོགས་པ་ཞིག་ཡིན།ཀྲུང་གུང་ཀྲུང་དབྱང་དང་།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་ཚད་མཐོའི་མཐོང་ཆེན་དང་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཨུ་ཡོན་ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ནས་སྔོན་དཔག་དམིགས་ཚད་མངོན་གྱུར་བྱུང་ཡོད་ཅེས་གསུངས་པ་རེད།
       ཡུས་ཀྲེང་ཧྲེང་གིས་ཚོགས་འདུའི་རིང་ཨུ་ཡོན་ཚོས་སྲིད་གྲོས་ཐབས་འདོན་ཧུར་ཐག་གནང་སྟེ་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་མང་པོ་བཏོན་གནང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་གསོན་ཉམས་དོད་པོས་ལག་ལེན་གནང་བ་དེ་ཐོག་ནས་མི་དམངས་སྲིད་གྲོས་ཀྱི་དམིགས་བསལ་གྱི་ལེགས་ཆ་དང་ནུས་པ་གང་ལེགས་མངོན་གྱི་ཡོད།མཐུན་སྒྲིལ་དང་དམངས་གཙོ་ནི་མི་དམངས་སྲིད་གྲོས་ཀྱི་བརྗོད་གཞི་གཙོ་བོ་གཉིས་ཡིན་པ་དང་དེ་ཐོག་ནས་མི་དམངས་སྲིད་གྲོས་ཀྱི་ངོ་བོ་གཅིག་བསྡུས་ཐོག་མཚོན་གྱི་ཡོད།ང་ཚོས་མཐུན་སྒྲིལ་དང་དམངས་གཙོ་དེ་གཉིས་མི་དམངས་སྲིད་གྲོས་ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་ནས་མཚོན་པར་བྱེད་པ་དང་།མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱེད་པ།མི་དམངས་སྲིད་གྲོས་འདི་ཉིད་མཐུན་སྒྲིལ་ལྡན་པའི་ཁྱིམ་ཚང་དང་དམངས་གཙོ་ལྡན་པའི་ཁྱིམ་ཚང་དུ་འཛུགས་སྐྲུན་ཧུར་ཐག་བྱེད་པ་བཅས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་མི་ཉམས་པ་བྱེད་དགོས།སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ནི་རང་རྒྱལ་གྱི་མི་དམངས་དམངས་གཙོའི་རྣམ་པ་གཙོ་བོ་ཞིག་རེད།སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་གྲོས་མོལ་དམངས་གཙོ་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་གི་སྤྱིའི་བཀོད་སྒྲིག་བྱེད་ཁོངས་སུ་བཅུག་ནས་ཇུས་འགོད་བྱེད་པ་དང་སྐུལ་འདེད་གཏོང་དགོས།གྲོས་མོལ་གྱི་ཕན་འབྲས་དངོས་ཆེ་རུ་ཏན་ཏིག་གཏོང་བ་དང་གྲོས་མོལ་དམངས་གཙོའི་རྣམ་པ་ཟབ་ཏུ་བཏང་ནས་རིམ་པ་མང་བ་དང་ཕྱོགས་མང་བའི་གྲོས་མོལ་གྱི་བྱེད་སྟངས་ཤིག་ཧུར་ཐག་གཏོད་དགོས་ཞེས་བསྟན་གནང་བ་རེད།
       ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་ཀྱི་ཨུ་ཡོན་ནི་སྲིད་གྲོས་ལས་དོན་གྱི་གྲུབ་ཆ་གཙོ་བོ་རེད།ང་ཚོས་སྒྲིག་སྲོལ་ལ་བརྩི་སྲུང་དང་།འགན་འཁྲི་ནན་སྒྲུབ།བདེན་དོན་མཐའ་འཁྱོངས།ཁ་རི་ཁ་ཐུག་ཤོད་ཕོད་པ་བཅས་བྱེད་པ་ལས་དོ་ཁུར་མི་བྱེད་པ་བྱ་རྒྱུ་མེད་ལ་སྒྱིད་ལུག་རྣམ་གཡེང་ཡང་བྱ་རྒྱུ་མེད་པ་དང་།སློབ་སྦྱོང་བྱེད་མཁས་པོ་དང་།བསམ་གཞིགས་ཧུར་ཐགདོན་དངོས་ཁྲོད་དུ་ཟབ་སྐྱོད།དངོས་ཐོག་བདེན་འཚོལ།དྲང་པོ་དྲང་གཞག་བཅས་བྱེད་པ་ལས་འཚབ་འཚུབ་བྱ་རྒྱུ་མེད་ལ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་མཐུན་པའི་འདོད་ཚུལ་ཐལ་དྲགས་པ་འཛིན་རྒྱུའང་མེད།སྒྲིག་བཀུར་ཁྲིམས་སྲུང་དང་།སྒེར་དོར་སྤྱི་སྐྱོང་།གྲོན་ཆུང་བསྲི་ཚགས།ལས་དོན་གཙང་སྒྲུབ་བཅས་བྱེད་པ་ལས་བག་མེད་ཆུད་ཟོས་སུ་གཏོང་རྒྱུ་མེད་ལ་དབང་ཆའམ་ཡང་ན་ཤུགས་རྐྱེན་ལ་བརྟེན་ནས་སྒེར་དོན་གཉེར་བའི་བྱ་སྤྱོད་གཏན་ནས་སྤེལ་རྒྱུ་མེད་ཅེས་གསུངས་པ་རེད།
       ཡུས་ཀྲེང་ཧྲེང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པས་མི་དམངས་སྲིད་གྲོས་ལ་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་མི་དམངས་མང་ཚོགས་བདེ་སྐྱིད་འཚོ་བ་ཞིག་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུའི་རེ་འདུན་དེས་ང་ཚོར་རང་འགན་འབད་སྒྲུབ་དང་རང་འགན་གཙང་འཁུར་བྱ་རྒྱུའི་བླང་བྱ་གསར་པ་ཞིག་བཏོན་ཡོད།ང་ཚོས་ཏང་དང་མི་དམངས་ཀྱི་བཀའ་མངགས་གལ་ཆེན་ཆུད་ཟོས་སུ་གཏན་ནས་མི་གཏོང་བའི་ཐོག་མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ་རང་འགན་གཙང་སྒྲུབ་དང་འབད་འབུངས་ལྷོད་མེད་བྱས་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་མདུན་ཕྱོགས་སུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
       ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་དུ་གྲོལ་བ་རེད།
       ཚོགས་ཆེན་གྲོལ་རྗེས་ཧུའུ་ཅིན་ཐའོ་དང་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཚོགས་འདུར་ཕེབས་པའི་སྲིད་གྲོས་ཀྱི་ཨུ་ཡོན་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།