དབུ་ཤོག >> ཚོགས་ཆེན་གཉིས།
ལི་ཁེ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་གཏན་འབེབས་གནང་བ།
རྩོམ་པ་པོ། དུས་ཚོད། 2013-07-02 རྩོམ་ཁུངས།

ཕན་ཁྲང་ལུང་དང་ཞུས་ཆི་ལེའང་གཉིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཡིན་པ། ཀྲོའུ་ཆང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལ་བདམས་ཐོན་བྱུང་བ་དང་ཚའོ་ཅན་མིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ལ་བདམས་ཐོན་བྱུང་བ།


       ཟླ་3ཚེས་15ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ་དང་ཚོགས་འདུའི་ཐོག་འདེམས་ཤོག་འཕངས་པ་བརྒྱུད་ལི་ཁེ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་གཏན་འབེབས་གནང་ཞིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ལི་ཁེ་ཆང་ཕྱག་གཏོང་བའི་གནས་ཚུལ་ཡིན་པ།


        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་།


       ཟླ་3ཚེས་15ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ་དང་ཚོགས་འདུའི་ཐོག་འདེམས་ཤོག་འཕངས་པ་བརྒྱུད་ལི་ཁེ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་གཏན་འབེབས་གནང་ཞིང་།འདི་ནི་དབུན་ཅ་པའོ་དང་ལི་ཁེ་ཆང་ཕྱག་གཏོང་བའི་གནས་ཚུལ་ཡིན་པ།
       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་ཚེས་15ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཤིང་ཚོགས་འདུའི་ཐོག་འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད་ལི་ཁེ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིར་གཏན་འབེབས་གནང་བ་དང་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཡན་ཅོན་ཆིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
       ཟླ་3ཚེས་14ཉིན་གྱི་ཚོགས་འདུར་ཕེབས་དགོས་པའི་འཐུས་མི་2986ཡོད་པ་ནས་འཐུས་མི་2957ཕེབས་པ་དང་འཐུས་མི་29ཕེབས་ཐུབ་མེད།དངོས་སུ་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
       ད་རེས་ཚོགས་འདུའི་གྲོས་རིམ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གི་མིང་འདོན་ལ་གཞིགས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་གཏན་འབེབས་གནང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞིས་ཅིན་ཕིང་གི་མིང་འདོན་ལ་གཞིགས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མི་གཏན་འབེབས་གནང་བ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་འདེམས་བསྐོ་གནང་བ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་འདེམས་བསྐོ་གནང་བ་རེད།
       ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མིའི་སྐོར་གྱི་ཞིས་ཅིན་ཕིང་གི་མིང་འདོན་འཕྲིན་ཡིག་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མིའི་མིང་འདོན་སྐོར་གྱི་ཞིས་ཅིན་ཕིང་གི་མིང་འདོན་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།
       《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དོན་ཚན་རེ་གཉིས་པའི་གཏན་འབེབས་ལ་གཞིགས་ཏེ་ཞིས་ཅིན་ཕིང་གིས་ལི་ཁེ་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མིར་མིང་འདོན་གནང་བ་དང་ཕན་ཁྲང་ལུང་དང་ཞུས་ཆི་ལེའང་གཉིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཀྲུའུ་ཞི་གཞོན་པའི་འོས་མི་དང་ཁྲང་དབན་ཆོན་དང་། ཕང་ཕུང་ཧུའེ། ཀྲང་དབྱང་། ཀྲའོ་ཁེ་ཧྲི། ཀྲང་ཡིའུ་ཞ། ཝུའུ་ཧྲེང་ལི། མ་ཤའོ་ཐེན། ཝུའེ་ཕུང་ཧོ་བཅས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འོས་མིར་མིང་འདོན་གནང་བ་རེད།
       འོས་མིའི་མཚན་ཐོ་དེ་གཉིས་འཐུས་མི་ཚོགས་པ་ཁག་གིས་གྲོས་མོལ་གནང་རྗེས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོ་དང་བསྐོ་གཞག་གཏན་འབེབས་བྱ་ཐབས་ལ་གཞིགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མིར་བརྡས་ཐག་གཅོད་པའི་འདེམས་ཤོག་སྤྱོད་པ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་འདེམས་བསྐོ་བྱེད་པར་འདེམས་བསྐོའི་འདེམས་ཤོག་སྤྱོད་རྒྱུའི་གཏན་འབེབས་གནང་ཞིང་།བརྡས་ཐག་གཅོད་པའི་འདེམས་ཤོག་ཐོག་གི་འོས་མིར་འཐུས་མིས་མོས་མཐུན་དང་། མོས་མཐུན་མེད་པ།དབང་ཆ་དོར་བ་བཅས་ཆོག་པ་ལས་འོས་མི་གཞན་དག་འདོན་ཆོག་གི་མེད། འདེམས་བསྐོའི་འདེམས་ཤོག་ཐོག་གི་འོས་མིར་འཐུས་མིས་མོས་མཐུན་དང་། མོས་མཐུན་མེད་པ། དབང་ཆ་དོར་བ་བཅས་ཆོག་པ་དང་མོས་མཐུན་མེད་ཚེ་མི་གཞན་དག་འདེམས་ཆོག་པ། དབང་ཆ་དོར་མཁན་གྱིས་མི་གཞན་དག་འདེམས་མི་ཆོག
       འདེམས་ཤོག་འབྲི་བ་དང་།འདེམས་ཤོག་འཕངས་པ། འདེམས་ཤོག་རྩིས་པ་བཅས་བྱས་པ་བརྒྱུད་ཆུ་ཚོད་10དང་སྐར་མ་28ཐོག་ལས་དོན་མི་སྣས་བརྡས་ཐག་གཅོད་པ་དང་འདེམས་བསྐོའི་འདེམས་ཤོག་བརྩིས་པའི་འབྲས་བུ་ཁྱབ་བསྒྲགས་བྱེད་འགོ་ཚུགས་པ་རེད།
       ཡན་ཅོན་ཆིས་ལི་ཁེ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཡིན་པ་དང་། ཕན་ཁྲང་ལུང་དང་ཞུའེ་ཆི་ལེའང་གཉིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཡིན་པ། ཁྲང་དབན་ཆོན་དང་། ཕང་ཕུང་ཧུའེ། ཀྲང་དབྱང་། ཀྲའོ་ཁེ་ཧྲི། ཀྲང་ཡིའུ་ཞ། ཝུའུ་ཧྲེང་ལི། མ་ཤའོ་ཐེན། ཝུའེ་ཕུང་ཧོ་བཅས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན་པ།
       ཀྲོའུ་ཆང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལ་བདམས་ཐོན་བྱུང་བ།
       ཚའོ་ཅན་མིང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ལ་བདམས་ཐོན་བྱུང་བ་བཅས་ཁྱབ་བསྒྲགས་གནང་བ་རེད།
       འབྲུག་སྒྲ་ལྡིར་བ་ལྟར་གྱི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ལི་ཁེ་ཆང་དང་མཛའ་བརྩེའི་ངང་ཕྱག་བཏང་གནང་བ་དང་ལས་འགན་འཁུར་ཡུན་ཐིམ་པའི་དབུན་ཅ་པའོ་ཡིས་ལི་ཁེ་ཆང་དང་མཛའ་བརྩེའི་ངང་ཕྱག་བཏང་ནས་ཕན་ཚུན་གུས་འདུད་ཞུས་པ་རེད།
       རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་དང་པོར་མཚན་རྟགས་བཀོད་པ་དང་ཚོགས་ཆེན་གྱི་གཏན་འབེབས་ལྟར་ལི་ཁེ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་བཞག་གནང་བ་རེད།