མཚོ་ནུབ་ཀྱི་གྲོང་ཚོའི་འཕྲོད་བསྟེན་ཁང་101ལ་སྨན་བཅོས་འགན་བཅོལ་ཐད“གཱ་གཅིག་ཀུན་འཐུས”ཐུབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-20   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        《མཚོ་སྔོན་ཉིན་རེའི་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིཌ་ན།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་གྲོང་ཚོའི་འཕྲོད་བསྟེན་ཁང་101ལ་སྨན་བཅོས་འགན་བཅོལ་ཐད“གཱ་གཅིག་ཀུན་འཐུས”བྱུང་སྟབས།ཀྲོའུ་དེའི་སྨན་བཅོས་འགན་བཅོལ་ཐད“གཱ་གཅིག་ཀུན་འཐུས”ཀྱི་ཆ་འཕྲིན་དྲ་བའི་ཞབས་ཞུ་དེ་ཀྲོའུ་དང་།རྫོང(གྲོང་ཁྱེར) ཤང(གྲོང་རྡལ)བཅས་རིམ་པ་གསུམ་ནས་ཞིང་འབྲོག་ཁུལ་གྱི་ཆེས་གཞི་རིམ་འཕྲོད་བསྟེན་དྲ་བར་ཁྱབ་ཐུབ་པ་བྱུང་ཡོད།
        ཉིན་ཤས་གོང་གསར་འགོད་པས་ཀ་ཧའེ་གྲོང་རྡལ་ཕུའུ་ཡོན་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་བཅར་འདྲི་བྱེད་སྐབས།གྲོང་མི་ལིའུ་ཧའེ་མེ་ཡིས་རང་ཉིད་ཀྱི“གཱ་གཅིག་ཀུན་འཐུས”འཁྱེར་ནས་སྨན་ཉོ་བཞིན།ཁོང་གིས་དེ་སྔ་ནད་ལྟ་སྨན་ཉོ་བྱེད་པར་གཱ་གཅིག་ཀུན་འཐུས་འཁྱེར་ནས་གྲོང་རྡལ་འཕྲོད་བསྟེན་ཁང་དུ་འགྲོ་དགོས་ཀྱི་འདུགད་ཆ་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་བསྐྱོད་ན་ཆོག་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད།ཀྲོའུ་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་སུན་ལུའེ་ཡིས་སླད་ཕྱིན་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་གི་དྲ་བའི་སྟེགས་བུ་འཛུགས་སྐྲུན་མུ་མཐུད་བྱེད་མགྱོ གས་སུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་འཛོམ་རིགས་ལ་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་གི་དྲ་བའི་སྟེགས་བུ་རེ་སྒྲིག་སྦྱོར་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན།མཚོ་ནུབ་ཀྲོའུ་ཡིས་མ་དངུལ་སྒོར་ཁྲི་1719.1བཏང་ནས་གྲོང་ཚོ་དང་དེ་བཞིན་ས་རྒོད་གསར་སྦོལ་ཁེ་ལས་ཀྱི་གཞི་རིམ་འཕྲོད་བསྟེན་ཁང་319གསར་སྐྲུན་བྱས་པ་དང་འབྲེལ་གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་གྱི་ཚད་གཞི་གཞིར་བཟུང་ནད་བརྟག་ཉལ་ཁྲི་དང་།ཉན་བརྟག་ཡོ་བྱད།སྨན་བཅོས་ལྕགས་སྡེར་སོགས་སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་བྱས་ནས་ཀྲོའུ་ཡོངས་ཀྱི་གྲོང་ཚོའི་སྨན་པ་377གྱི་གླ་ཕོགས་ཐག་གཅོད་བྱས་པ་དང་ལོ་རེར་གྲོང་ཚོའི་སྨན་པ་རེར་སྲིད་གཞུང་གིས་ཁ་གསབ་མ་དངུལ་སྒོར་16841.64སྤྲོད་ཀྱི་ཡོད་པ་རེད།