ལུའུ་ཧྲན་ས་ཡོམ་གེགས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ལ་གཏོར་སྐྱོན་ཕོག་པར་རིམ་པ་གསུམ་དབྱེ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-20   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        སི་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་ནས་གསར་འགོད་པས་ཤེས་རྟོཌ་བྱས་པར།“4·20”ཡི་ལུའུ་ཧྲན་ས་ཡོམ་ཆེན་པོའི་གེགས་ཁུལ་གྱི་སྡོད་ཁང་ལ་གཏོར་སྐྱོན་ཕོག་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་སྒོར་1000ནས་སྒོར་8000བར་གྱི་སྡོད་ཁང་ཉམས་གསོ་བརྟན་གཏོང་གི་ཁ་གསབ་རག་རྒྱུ་ཡིན་པ་རེད།སྡོད་ཁང་ལ་གཏོར་སྐྱོན་ཕོག་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་བཀོད་སྒྲིག་དང་བསྐྱར་སྐྲུན་ལས་དོན་དུས་ཐོག་ཏུ་སྤེལ་རྒྱུར་རོགས་རམ་བྱ་ཆེད་ཞིང་ཆེན་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད་ཚེས་15ཉིན་སི་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《“4·20”ཡི་ལུའུ་ཧྲན་ས་ཡོམ་ཆེན་པོའི་གེགས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཏོར་སྐྱོན་ཕོག་པའི་སྡོད་ཁང་ཉམས་གསོ་དང་བརྟན་གཏོང་གི་ཁ་གསབ་སྲིད་ཇུས་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་སྡོད་ཁང་ལ་གནོད་འཚེའི་དབང་གིས་གཏོར་སྐྱོན་ཕོག་ནས་ཉེན་སེལ་བརྟན་གཏོང་བྱེད་དགོས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་སྡོད་ཁང་གི་གཏོར་སྐྱོན་ཕོག་ཚད་ལ་གཞིགས་ནས“གཏོར་སྐྱོན་ཕྲན་ཙམ་ཕོག་པ”དང“གཏོར་སྐྱོན་འབྲིང་ཙམ་ཕོག་པ”“གཏོར་སྐྱོན་ཚབས་ཆེན་ཕོག་པ”བཅས་རིམ་པ་གསུམ་ལ་དབྱེ་ནས་དུད་ཚང་རེར་སྒོར་1000ནས་3000བར་དང་།སྒོར་4000ནས་5000བར།སྒོར་6000ནས་8000བར་བཅས་བར་གྱི་ཁ་གསབ་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད།དུད་ཚང་རེའི་གྲོང་མིའི་ཞིབ་ཕྲའི་ཁ་གསབ་དངུལ་འབོར་དེ་གེགས་ཁུལ་གྱི་གྲོང་ཁྱེར(ཀྲོའུ)མི་དམངས་སྲིད་གཞུང་ཁག་གིས་དོན་དངོས་གནས་ཚུལ་གཞིར་བཟུང་གཏན་འཁེལ་བྱེད་རྒྱུ་མ་ཟད།ཡིག་ཆ་བཏོན་ནས་ཉམས་གསོ་བརྟན་གཏོང་གི་ཁ་གསབ་སྲིད་ཇུས་ཁ་གསལ་བཟོས་ཡོད།སྡོད་ཁང་ལ་གཏོར་སྐྱོན་ཕོག་ཚད་དེ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུཌ་སྐྲུན་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་ཀྱི་ལག་རྩལ་ཚད་གཞིར་བརྟེན་ནས་དཔྱད་འདོམས་བྱས་རྗེས་གཏན་འཁེལ་བྱ་རྒྱུ་རེད།