པའོ་ཨར་ར་ཡིས་ཞིང་བར་ཕྱུག་པོར་ཆགས་པའི་རེ་བ་གནང་བ།

རྩོམ་པ་པོ།   ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        




        ལོ་གཅིག་གི་སྔོན་དུ།  སེམས་ཀྱི་ཉི་ཟླ་རྫོང་ཅིན་ཅང་གྲོང་རྡལ་ཝུའུ་ཀྲུའུ་གྲོང་སྡེ་དོས་མན་གྲོང་མི་ཚོ་ཆུང་གི་གྲོང་མི་ལི་ཅི་ཙོང་གིས་དུས་དེབ་ཐོག་ནས་པའོ་ཨར་ར་གསོ་བའི་གནས་ཚུལ་མཐོང་རྗེས།  རང་ས་གནས་ཀྱི་དངོས་གཞིའི་གནས་ཚུལ་དང་བསྟུན་ནས།   པའོ་ཨར་ར་གསོ་བའི་འགོ་བརྩམས་པ་རེད། 
        ལི་ཅི་ཙོང་གིས་ཚོང་རའི་ཐོག་བཙོང་བའི་ར་ནག་དང་ས་གནས་རང་གི་རའི་ལུས་པོ་ཆུང་ལ།  དཔལ་འབྱོར་གྱི་ཁེ་ཕན་ཉུང་བ་མ་ཟད།   སྐྱེ་ཚད་དང་གསོ་སྤེལ་གྱི་མགྱོ གས་ཚད་སོགས་ཅུང་དལ་བས།  ངེས་པར་དུ་རི་ནས་འཚོ་སྐྱོང་བྱེད་དགོས་ལ།   གསོ་སྤེལ་ཁྱིམ་ཚང་ལ་མཚོན་ནས་བཤད་ན།  མ་རྩ་གཏོང་ཚད་མཐོར་དྲགས་པ་སོགས་རྟོགས་བྱུང་།  སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་ཆེད།  རྒྱལ་ཁབ་ཀྱིས་རྨོ་སྐྱུར་ནགས་འཛུགས་དང་།  ཕྱུགས་སྐྱུར་རྩྭ་འདེབས་སོགས་ཀྱི་སྲུང་སྐྱོབ་བྱ་ཐབས་ལག་ལེན་ཏུ་བསྟར་བ་དང་།ར་འཚོ་བར་ཚོད་འཛིན་མི་ཉུང་བ་ཞིག་ཡོད་པ་རེད།   པའོ་ཨར་ར་གསོ་སྤེལ་བྱེད་པར་ཏག་ཏག་འགལ་བ་འདི་དག་ཐག་གཅོད་བྱེད་ཐུབ།   པའོ་ཨར་ར་ཡི་གཟུགས་ཆེ་ལ།   སྐྱེ་ཚད་མགྱོ གས་པ་དང་།  ས་བབ་དང་འཚམས་ཤོས་ཆེ་བ།   གསོ་སྤེལ་གྱི་རང་བཞིན་བཟང་བ།  ཤ་ཞིམ་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་རེད།   ལོ་ཏོག་གི་རྩྭ་བ་དང་ཡན་ལག་སོགས་བེད་སྤྱད་ནས་གསོས་ན་འགྲོ་གྲོན་ཡང་ཆུང་བ་དང་།   ཁྱིམ་གྱི་ཉེ་འདབས་སོགས་ཀྱི་ར་སྐོར་ནང་གསོས་ཆོག་པས།  སྐྱེ་ཁམས་སྲུང་སྐྱོབ་དང་གསོ་སྤེལ་འཕེལ་རྒྱས་ཕྱོགས་གཉིས་ལ་ཕན་པ་རེད།  
        ལི་ཅི་ཙོང་གིས་ཉོ་ཚོང་གི་གོ་སྐབས་དམ་འཛིན་བྱས་ནས།    གཉེན་ཉེ་དང་གྲོགས་པོའི་ལག་ནས་སྒོར་ཁྲི10བསྐྱིས་པ་དང་།    མི་རང་ཉིད་ཧྲན་ཏུང་ཞིང་ཆེན་པའོ་ཨར་ར་གསོ་སྤེལ་ར་བར་སོང་ནས་རྒྱུད་དྭངས་པའི་པའོ་ཨར་ར50ཉོས།  ར་ཚང་མ་རང་ས་གནས་སུ་དྲངས་ནས་གསོ་སྤེལ་བྱས་རྗེས།   སྐྱེ་ཚད་བཟང་ལ་གསོ་སྤེལ་གྱི་ཚད་མགྱོ གས་པ་རེད། 
        ལི་ཅི་ཙོང་གིས་ཐོག་མར་ར་གསོ་སྤེལ་བྱས་ནས་ཇེ་མང་དུ་བཏང་བ་དང་།  དེ་ནས་གསོ་སྤེལ་བྱེད་འདོད་ཡོད་པའི་གྲོང་མི་ལ་གསོ་སྤེལ་གྱི་ཉམས་མྱོང་ངོ་སྤྲོད་བྱས།   ཁོའི་སྣེ་ཁྲིད་བྱས་འོག     གྲོང་སྡེའི་ནང་གི་ན་གཞོན་རེ་འགས་ད་ལྟ་དངོས་སུ་པའོ་ཨར་ར་གསོ་བཞིན་ཡོད་པ་དང་།   དེས་ཞིང་སྡེའི་ལས་ཞུགས་གསར་གཏོད་དང་ཞིང་སྡེའི་ཐོན་ལས་སྒྲིག་གཞིའི་སྙོམ་སྒྲིག་ལ་སྐུལ་འདེད་བཏང་ཡོད།