སྐབས་མཐུན་སྔོ་ཚོད་དང་ཤིང་ཏོག་ལ་ཤིན་ཏུ་དགའ་བསུ་ཐོབ་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་ཚོང་ར་ཁག་ནས། སྣ་རིགས་མང་པོའི་སྐབས་མཐུན་སྔོ་ཚོད་དང་ཤིང་ཏོག་རྒྱུན་མཐུད་ཀྱིས་ཚོང་རར་བཏོན་པས།གྲོང་མིའི་དགའ་བསུ་ཐོབ་པ་མཐོང་བྱུང་།
        ད་ལྟ་སྲེའུ་ཡི་རིན་གོང་མཐོ་ཙམ་བྱུང་བ་དང་། རྒྱ་མ་རེའི་གོང་ཚད་ནི་སྒོར་10ཡན་མན་ཡིན། གཞན་ཡང་སྲེའུ་ཉོ་བཞིན་པའི་ཨ་མེས་ཀྲང་ལགས་ཀྱིས་དགའ་བའི་ངང་“སྲེའུ་ཡི་གོང་ཚད་མཐོ་ནའང་།ད་སྐབས་མ་གཏོགས་བཟའ་རྒྱུ་མེད་པས་དེ་ལ་སེམས་འཛིན་མི་བྱེད་པ་རེད”ཅེས་བཤད།
        གཞན་ཡང་། པད་ཚལ་དང་། ཞོག་ཁོག ཀེའུ་ཚོད་སོགས་རང་ས་གནས་ནས་ཐོན་པའི་སྔོ་ཚོད་སྣ་མང་ཡང་ཚོང་རར་བཏོན་ཡོད། ཚོང་པ་ཞིག་གིས་“མིག་སྔར།རི་སྐྱེས་སྔོ་ཚོད་མང་པོ་ཚོང་རར་འདོན་པའི་དུས་སྐབས་ཡིན་ཞིང་།དུས་སྐབས་འདིའི་རི་སྐྱེས་སྔོ་ཚོད་དྲི་ཞིམ་ལྡན་པ་དང་།འཚོ་བཅུད་འཛོམས་པའི་རྐྱེན་གྱིས།ཉོ་མཁན་མང་པོ་ཡོད”ཅེས་བཤད།
        ཉེ་བའི་ལོ་འགའི་རིང་ལ། སྔོ་ལྗང་འཛད་སྤྱོད་ཀྱི་འདུ་ཤེས་དར་སྲོལ་བྱུང་བར་བསྟུན་ནས། རི་སྐྱེས་སྔོ་ཚོད་ཟ་དགའ་མཁན་ཇེ་མང་དུ་བྱུང་ཡོད། རི་སྐྱེས་སྔོ་ཚོད་ལ་འཚོ་བཅུད་མང་པོ་ཡོད་ནའང་། སྨན་པས་བདེ་འཇགས་ངང་རི་སྐྱེས་སྔོ་ཚོད་བཟའ་བ་དང་བཟའ་ཚོད་འཛིན་དགོས་པའི་གྲོས་གཞི་བཏོན་པ་རེད།