སེམས་ཀྱི་ཉི་ཟླ་རྫོང་མཁར་ཆུ་བོ་གསུམ་གྱི་གཙང་བཅོས་ལས་གྲྭར་གྲུབ་འབྲས་ཐོབ་པ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། ཀླུ་ཆུའི་ཆུ་འགྲམ་གྱི་ལམ་བུ་དང་། སྦགས་བཙོག་འགོག་པ། ལྗང་འགྱུར་མཛེས་ལྗོངས་སོགས་ལས་གྲྭ་ཁག་ནི་གཞི་རྐང་ནས་མཇུག་སྒྲིལ་ཡོད་ལ། གྲོང་ཁྱེར་ནང་གི་མི་རྣམས་ཆུ་འགྲམ་དུ་འཆམ་འཆམ་དུ་འགྲོ་བ་དང་ངལ་གསོ་བ། ནགས་ཆུའི་ཆུ་ལམ་གཙང་བཅོས་ལས་གྲྭའང་བྲེལ་འཚུབ་ཀྱིས་ལག་བསྟར་བྱེད་བཞིན་ཡོད་དེ། ཆུ་ལམ་འགར་གཙང་བཅོས་བྱས་ཚར་བ་དང་། ལྗང་འགྱུར་ལས་མི་རྣམས་ཀྱིས་ཤིང་འཛུགས་པ་དང་རྩྭ་འདེབས་བཞིན་ཡོད་པ་རེད།
        སེམས་ཀྱི་ཉི་ཟླའི་རྫོང་མཁར་དུ། འོ་མ་ཆུ་དང་། ནགས་ཆུ། ཀླུ་ཆུ་གསུམ་ལ་དངུལ་གྱི་སྐུད་པ་ལྟ་བུ་རྫོང་དེར་བཤགས་ནས་བརྒྱུད་ཡོད་དེ། རྫོང་མཁར་གྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། གྲོང་ཁྱེར་གྱི་གོང་འཕེལ་དང་སྡོད་མི་ཇེ་མང་དུ་སོང་བའི་རྐྱེན་གྱིས། ཆུ་བོ་གསུམ་ལ་ཚད་མི་འདྲ་བའི་སྦགས་བཙོག་ཐེབས་ཡོད། 
        ཆུ་བོ་གསུམ་སླར་ཡང་མཛེས་པོར་འགྱུར་བའི་ཆེད་དུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་། སེམས་ཀྱི་ཉི་ཟླ་རྫོང་ཨུ་དང་རྫོང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་མུ་མཐུད་དུ་ཆུ་བོ་གསུམ་གྱི་གཙང་བཅོས་ནུས་ཤུགས་ཇེ་ཆེར་བཏང་སྟེ། ཆུ་སྙིགས་དྭངས་བཟོའི་བཟོ་གྲྭ་དང་། དེ་དང་བར་སྒྲིག་པའི་ཆུ་སྦུག་དྲ་བའི་འཛུགས་སྐྲུན་ལས་གྲྭ། སྐྱེ་དངོས་ཀྱི་གཙང་བཅོས་ལས་གྲྭ་སོགས་ལག་བསྟར་བྱས་པ། ཁོར་ཡུག་དོ་དམ་དང་སྲིད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།