སེམས་ཀྱི་ཉི་ཟླ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ལས་ཞུགས་གསོ་སྦྱོང་ལ་ཤུགས་སྣོན་རྒྱབ་པ །

རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-05-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ད་ལོ་ནས་བཟུང་།སེམས་ཀྱི་ཉི་ཟླ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ནན་ཏན་ངང་ཀྲུང་དབྱང་དང་ཞིང་ཆེན།ཁུལ།རྫོང་གིས་ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱས་ནས།ཉི་ཤར་དང་།གཏེར་མ་རོང་།སན་པཱ།ཧྲན་ཅང་།ཡང་ཐང་སོགས་ཤང་དང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ངལ་རྩོལ་པ་ལྷག་མ་མི་ཐེངས་1696ལ་གསོ་སྦྱོང་བྱས་པ།

         ཟླ་4པར།ཅུས་འདིས་གཏེར་མ་རོང་ཤང་དུ་གྲོང་གསེབ་ཀྱི་སྲོག་ཆགས་རིམས་འགོག་སྨན་པ་དང་།རྒུན་འབྲུམ་འདེབས་མཁན་སོགས་གླ་རྒྱག་ཞིང་པ་ལ་ལག་རྩལ་གསོ་སྦྱོང་བྱས་ནས།གསོ་སྦྱོང་དུ་ཞུགས་པའི་མི་ཐེངས་320ཟིན་པ།གསོ་སྦྱོང་བྱས་པར་བརྒྱུད་ནས།ས་ཆ་དེ་དག་གི་ཞིང་པའི་རྩལ་ནུས་ཆུ་ཚད་མཐོ་རུ་བཏང་བ་དང་།གླ་རྒྱག་ཞིང་པ་ལ་ལས་ཞུགས་གོ་སྐབས་ཡག་པོ་ཞིག་བཏོན་པ་རེད།