ཟླ་བ་1པོ་ནས་4པའི་བར་བདེ་ཆེན་ཁུལ་གྱི་སྤྱི་དབང་མིན་པའི་དཔལ་འབྱོར་ཁེ་ལས་ཀྱིས་ཡར་འཇལ་བའི་ཁྲལ་དངུལ་སྒོར་དུང་ཕྱུར་ལས་བརྒལ་བ།

རྩོམ་པ་པོ།   ཚུལ་ཁྲིམས།  ཡིག་བསྒྱུར།       དུས་ཚོད།   2013-05-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་4པའི་ཟླ་མཇུག་བར་དུ་བདེ་ཆེན་ཁུལ་ཡོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་ཁེ་ལས་ཀྱིས་དུས་ཚིགས་དང་པོའི་སྐབས་འགོ་ཡག་པོ་ཚུགས་པའི་རྨང་གཞིའི་ཐོག  དམིགས་ཚད་སོ་སོ་མུ་མཐུད་ནས་ཡར་འཕར་བྱུང་བར་རྒྱུན་འཁྱོངས་བྱས་ནས། སྤྱི་དབང་མིན་པའི་ཁེ་ལས་ཀྱིས་ཡར་འཇལ་བའི་ཁྲལ་དངུལ་སྒོར་ཁྲི་10230ལ་ཟིན་པས། དུས་མཉམ་དང་བསྡུར་ན་5.74%ཡར་འཕར་བྱུང་ལ། བདེ་ཆེན་ཁུལ་གྱི་ཁྲལ་དངུལ་ཡོང་བབ་ཀྱི་25.38%ཟིན། 
      གོ་རྟོགས་ལྟར་ན། ཟླ1པོ་ནས་4པའི་བར། སྔོན་དཔག་ལྟར་ན་བདེ་ཆེན་ཁུལ་ཡོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་ཁེ་ལས་ཀྱིས་ཡར་འཕར་རིན་ཐང་སྒོར་དུང་ཕྱུར9.93སྒྲུབ་ཚར་རྒྱུ། ཐོ་འགོད་མ་དངུལ་སྒོར་དུར་ཕྱུར་141ལ་ཟིན་རྒྱུ། ཟླ་4པའི་ཟླ་འཇུག་བར་དུ་ཁུལ་ཡོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་ཚོང་དུད་19576ལ་ཟིན། ཁུལ་ཡོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་ཁེ་ལས་སུ་ལས་གཉེར་བྱེད་མཁན་མི་60017ལ་ཟིན།  
      ཟླ་1པོ་ནས་4པ་བར་གྱི་འཁོར་སྐྱོད་གནས་ཚུལ་ལ་བལྟས་ན། བདེ་ཆེན་ཁུལ་གྱི་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་འཁོར་སྐྱོད་གནས་ཚུལ་སྤྱི་ཡོངས་ནས་བལྟས་ན་ཡག་པོ་ཡིན་ཡང་། ད་དུང་གཏེར་ལས་ཐོན་རྫས་ཀྱི་གོང་ཚད་རྒྱུན་སྲིང་གིས་མར་བབས་པ་དང་། འཁོར་སྐྱོད་ཁེ་ལས་དང་བཟའ་བཏུང་ལས་རིགས་ཀྱི་གསོན་ཤུགས་ཉམས་པ་བཅས་ཀྱི་གཏན་འཁེལ་མེད་པའི་རྒྱུ་རྐྱེན་དང་དཀའ་ངལ་གང་མང་ཞིག་དང་འཕྲད་ཡོད། བདེ་ཆེན་ཁུལ་གྱི་སྤྱི་དབང་མིན་པའི་དཔལ་འབྱོར་ལས་ཀའི་འགོ་ཁྲིད་ཚོགས་ཆུང་དང་འབྲེལ་ཡོད་དོ་དམ་སྡེ་ཁག་གིས་མུ་མཐུད་ནས་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་འཁོར་སྐྱོད་ལ་ལྟ་ཞིབ་ཚད་ལེན་ལས་ཀ་ཡག་པོ་སྒྲུབ་ཅིང་། བྱ་ཐབས་གང་མང་ཞིག་ལ་བརྟེན་ནས་འབད་བརྩོན་གྱིས་བདེ་ཆེན་ཁུལ་གྱི་ཁེ་ལས་ཆུང་འབྲིང་གི་མ་དངུལ་བསྡུ་འདྲེས་བྱེད་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱས་ནས། ཁུལ་ཡོངས་ཀྱི་སྤྱི་དབང་མིན་པའི་དཔལའ་འབྱོར་རྒྱུན་སྲིང་དང་བདེ་ཐང་ངང་ནས་འཕེལ་རྒྱས་ཕྱིན་ཐུབ་པར་ཆ་རྐྱེན་བསྐྲུན་རྒྱུ།