གློག་བརྙན་《སྨྱོ་ཧམ་གྱི་གདོད་མའི་མི》

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོ།དུས་ཚོད།   2013-05-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།


        《སྨྱོ་ཧམ་གྱི་གདོད་མའི་མི》ལ་ཨ་མེ་རི་ཁའི་རྨི་ལམ་བཟོ་གྲྭ་ཀུང་སིས་སྔ་རྗེས་སུ་ལོ་བརྒྱད་ལྷག་གྲ་སྒྲིག་བྱས་ཏེ། གདོད་མའི་མི་ཚང་ཞིག་གིས་ཉེན་མཆོང་འགྲུལ་སྐྱོད་བྱེད་པའི་དགོད་བྲོ་བའི3Dའགུལ་རིས་གློག་བརྙན་ཞིག་ཡིན། 
         གློག་བརྙན་དེ་ཟླ4པའི་ཚེས20ཉིན་རང་རྒྱལ་ལ་བསྟན་པས། ཀྲུང་གོའི་གཟིགས་མོ་བ་རྣམས་ཀྱི་དགའ་བསུ་ཐོབ་པ། གློག་བརྙན་དེའི3Dཡི་བཟོ་རྩལ་ཕུལ་བྱུང་ཡིན་པ་དང་། དགོད་བྲོ་བའི་བྱུང་ཚུལ་མང་པོ་ཡོད་པ་མ་ཟད་ད་དུང་ཁྱིམ་མིའི་བར་གྱི་བརྩེ་དུང་དང་ཕན་ཚུལ་ཐུགས་ཁུར་དང་རོགས་སྐྱོར་བྱེད་པའི་གནས་ཚུལ་ཡང་བསྟན་ཡོད།  དེ་ནི་ཕོ་མོ་རྒན་གཞོན་ཚང་མས་མཉམ་དུ་ལོངས་སྤྱོད་བྱེད་ཆོག་པའི་གློག་བརྙན་ཞིག་རེད།