བདེ་ཆེན་ཁུལ་གྱི་རྒྱལ་ཁབ་ནགས་ཚལ་གསོ་སྐྱོང་ཚོད་ལྟའི་ཨར་ལས་དེར་ཁས་བླངས་པ།

རྩོམ་པ་པོ།   ཚུལ་ཁྲིམས།  ཡིག་བསྒྱུར།       དུས་ཚོད།   2013-05-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་5པའི་ཚེས་9ཉིན། བདེ་ཆེན་ཁུལ་2012ལོའི་རྒྱལ་ཁབ་ནགས་ཚལ་གསོ་སྐྱོང་ཚོད་ལྟ་ས་ཚིགས་ཀྱི་ཨར་ལས་ཀྱི་ལས་བྱའི་ཇུས་འགོད་ཞིབ་དཔྱད་ཚོགས་འདུ་དེ་བདེ་ཆེན་ཁུལ་ནགས་ལས་ཅུས་སུ་བསྡུས་པ། ཚོགས་འདུས་བདེ་ཆེན་ཁུལ་གྱི་རྫོང་གསུམ་གྱི《རྒྱལ་ཁབ་ནགས་ཚལ་གསོ་སྐྱོང་ཚོད་ལྟའི་ས་ཚིགས་ཀྱི་ཨར་ལས་ཀྱི་ལས་བྱའི་ཇུས་འགོད》ལ་ཞིབ་དཔྱད་བྱས་པ།  
      ཚོགས་འདུར་ཞུགས་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དང་ཆེད་མཁས་མི་སྣས་ནན་ཏན་གྱིས་རྒྱལ་ཁབ་ནགས་ཚལ་གསོ་སྐྱོང་ཚོད་ལྟའི་ཨར་ལས་ཀྱི་ལས་བྱའི་ཇུས་འགོད་མ་ཡིག་ལ་ཞིབ་བཤེར་བྱས་ཐོག  ཐེངས་འདིའི་ནགས་ཚལ་གསོ་སྐྱོངཨར་ལས་ཀྱི་ལས་འགན་འཁུར་བའི་ལས་ཁུངས་དང་སྤྱི་ཁྱབ་ལག་རྩལ་འགན་ཁུར་བའི་སྙན་ཞུར་ཉན་པ། དོགས་གནད་དྲི་བ་དང་བགྲོ་གླེང་བྱས་མཐར་ཚོགས་འདུས་སེམས་ཀྱི་ཉི་ཟླ་དང་། འབའ་ལུང་། འཇོལ་བཅས་རྫོང་གསུམ་གྱི《རྒྱལ་ཁབ་ནགས་ཚལ་གསོ་སྐྱོང་ཚོད་ལྟའི་ས་ཚིགས་ཀྱི་ཨར་ལས་ཀྱི་ལས་བྱའི་ཇུས་འགོད》ཀྱི་དམིགས་ཡུལ་ལ་གསལ་ཆ་དོད་པ་དང་། བསམ་གཞིགས་དྭངས་བ། ལག་རྩལ་བྱ་ཐབས་སྤྱོད་འཐུས་ཡིན་པ། ལས་ཀའི་ནང་དོན་དང་ཐོན་སྐྱེད་གྲུབ་འབྲས་ཀྱི་འབྲེལ་ཡོད་ཡིག་ཆའི་གཏན་འབེབས་དང་འཚམ་པས་ཞིབ་དཔྱད་དེར་ཁས་བླངས་པ་མ་ཟད། ད་དུང་ཆེད་མཁས་ཚོགས་ཆུང་གི་བསམ་འཆར་ལྟར་ཨར་ལས་ཀྱི་ལས་བྱའི་ཇུས་འགོད་འཐུས་ཚང་དུ་ཡོ་བསྲང་བྱས་ནས་ཨར་ལས་རྒྱག་པ་དང་རྩིས་ལེན་བྱེད་སྐབས་ཀྱི་གཞི་བཟུང་སར་བཞག་པ།