བདེ་ཆེན་ཁུལ་གྱིས་སྒོར་ཁྲི་2300ཐམ་པ་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལ་བཏང་བ།

རྩོམ་པ་པོ།   བསོད་ནམས།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།   2012ལོར།བདེ་ཆེན་ཁུལ་གྱིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐད་རྣམ་གྲངས་རྫོང་གིས་འཛུགས་སྐྲུན་སྡེ་ཚན་དུ་བྱས་ནས་ཡུལ་བབ་དང་བསྟུན་ཏེ་ཕྱོགས་བསྡུས་རང་བཞིན་གྱི་གསར་སྤེལ་རྣམ་པ་སྤྱད་དེ།གཅིག་གྱུར་གྱིས་འཆར་འགོད་བྱས་པ་དང་།ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་གཅིག་བསྡུས་ཀྱིས་མ་དངུལ་བཏང་བ།ཐོན་ཁུངས་སྲུང་སྐྱོང་དང་ལུགས་མཐུན་གྱི་བེད་སྤྱོད་ལ་དོ་སྣང་བྱས་པ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ།ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་བཏང་བ།ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་བཏང་བ།ཧུར་ཐག་གིས་གནས་བབ་བཟང་བའི་ཐོན་ལས་འཕེལ་རྒྱས་བཏང་བ།འབད་བརྩོན་གྱིས་དཔལ་འབྱོར་གྱི་ཕན་ནུས་དང་སྤྱི་ཚོགས་ཀྱི་ཕན་ནུས།སྐྱེ་ཁམས་ཀྱི་ཕན་ནུས་བཅས་མཐོ་རུ་བཏང་བར་བརྟེན་ནས།ནུས་ལྡན་གྱིས་རྣམ་གྲངས་ཆུས་ཀྱི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
           བསྡོམས་རྩིས་བྱས་པར་གཞིགས་ན།2012ལོར།རང་ཁུལ་གྱིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་ཀྱི་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི་2363འཇོག་པ་དང་ས་ཞིང་གི་བཅོས་སྐྱོང་མུའུ་ཁྲི་0.72ལག་བསྟར་བྱས་པ།ཆུ་ལམ་སྤྱི་ལེ་33.97ཉམས་གསོ་བྱས་པ།ཆུ་འདྲེན་ལྕགས་མདོང་སྤྱི་ལེ་1་སྦས་པ།ཆུ་རྐའི་མ་ལག་གི་འཛུགས་སྐྲུན་ཆ་ཚང་ཁག་10བཀོད་སྒྲིག་བྱས་པ།ཆུ་གསོག་རྫིང་བུ་1འཛུགས་པ་དང་ཞིང་ལས་ཟམ་པ་4འཛུགས་པ།འཕྲུལ་འཁོར་གྱི་རྨོ་འདེབས་ལམ་སྤྱི་ལེ་13.54བཟོས་པ།སྐས་ཞིང་གསར་པ་མུའུ་2.2བཟོས་པ།ས་ཆུའི་སྲུང་སྐྱོང་ནགས་ཚལ་མུའུ་ཁྲི་0.05འདེབས་འཛུགས་བྱས་པ་དང་།དཔལ་འབྱོར་ནགས་ཚལ་མུའུ་ཁྲི་0.05འདེབས་འཛུགས་བྱས་པ།ཚན་རིག་ལ་བརྟེན་ནས་སྤུས་ལེགས་ཡུངས་དཀར་གྱི་འདེབས་འཛུགས་དང་།ཞོག་ཁོག་གི་དཔེ་སྟོན་འདེབས་འཛུགས།ས་རྒྱུར་དཔྱད་ནས་ལུད་རྒྱག་པ་སོགས་ནང་དོན་གཙོ་བོར་གྱུར་པའི་ལག་རྩལ་གསོ་སྦྱོང་མི་ཐེངས་1500བྱས་པ་དང་།མུའུ་ཁྲི་0.1ཙམ་དཔེ་སྟོན་ཁྱབ་གདལ་བཏང་བ་རེད།
          ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པར་བརྟེན་ནས།ཆུ་འདྲེན་ཞིང་ཁ་མུའུ་ཁྲི་0.32གསར་དུ་བསྣན་པ་དང་།ཆུ་འདྲེན་ཞིང་ཁ་རྒྱ་ཁྱོན་མུའུ་ཁྲི་0.4ལེགས་བཅོས་བྱས་པ།ས་ཆུ་ཤོར་བར་ཚོད་འཛིན་བྱས་ཚད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་1ཟིན་པ།འབྲུ་རིགས་གསར་བསྣན་སྤྱི་རྒྱ་ཁྲི་103ཟིན་པ།འདེབས་འཛུགས་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་728ཟིན་པ་དང་།རྣམ་གྲངས་ཆུས་ཀྱི་ཞིང་པ་ལ་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་323མཐོར་འཕར་བ་རེད།རྣམ་གྲངས་ཆུས་ཀྱི་འཛུགས་སྐྲུན་གྱིས་གྲོང་གསེབ་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོ་རུ་གཏོང་བ།ཞིང་ལས་ཐོན་ལས་ཅན་གྱི་གྲུབ་ཆའི་ལེགས་སྒྲིག་དང་ཞིང་ལས་གཞི་ཁྱོན་ཅན་གྱི་བདག་གཉེར་སོགས་ཐད་ལ་སྐུལ་སྤེལ་བྱེད་ནུས་འདོན་སྤེལ་བྱས་པ་རེད།