རྩོམ་པ་པོ།   ཆོས་ལྡན།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་28ཉིན།ཁུལ་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དང་ཁུལ་བསྡོམས་རྩིས་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ།ད་ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་བརྡ་ཁྱབ་གཏོང་བ།ཐོག་མའི་ཚོད་རྩིས་ལྟར། ཟླ་1པོ་ནས་ཟླ་3པའི་བར། ཁུལ་ཡོངས་ཀྱི་ས་གནས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་(GDP)བསྡོམས་འབོར་སྒོར་ཁྲི་161835་ལེགས་གྲུབ་བྱུང་བ་དེ།བསྡུར་འཐུས་པའི་གོང་ཚད་ཀྱིས་བརྩིས་ན་དུས་མཚུངས་ལས་13%འཕར་བ།འཕར་བའི་མགྱོགས་ཚད་དེ་སྔ་ལོའི་དུས་མཚུངས་ལས་4.2%མཐོར་འཕར་ཡོད་པས།ཁུལ་ཡོངས་ཀྱི་དཔལ་འབྱོར་ལ་གྲུབ་འབྲས་ཆེན་མོ་ཐོབ་པ་རེད།
གཞི་གྲངས་ཀྱིས་མཚོན་དོན།དུས་ཚིགས་དང་པོར།ཁུལ་ཡོངས་ཀྱི་ཐོན་ལས་དང་པོར་འཕར་ཐང་སྒོར་ཁྲི་10226ཡོངས་སུ་གྲུབ་པ་དེ་དུས་མཚུངས་ལས་3.2%འཕར་བ།ཐོན་ལས་གཉིས་པར་འཕར་ཐང་སྒོར་ཁྲི་74210ཡོངས་སུ་གྲུབ་པ་དེ་དུས་མཚུངས་ལས་22.8%འཕར་བས།འཕར་ཚད་སྔ་ལོའི་དུས་མཚུངས་ལས་22.3%མཐོ་རུ་འཕར་བ།ཐོན་ལས་གསུམ་པར་འཕར་ཐང་སྒོར་ཁྲི་104399ཡོངས་སུ་གྲུབ་པ་དེ་དུས་མཚུངས་ལས་10%འཕར་བ།ཐོན་ལས་འདི་གསུམ་པོའི་དཔལ་འབྱོར་གྱི་འབོར་གྲངས་འཕར་བར་འཇོག་པའི་བྱས་རྗེས་ནི་སོ་སོར་1.8%དང་།47.7% 50.5%་ཡིན་ཞིང་།སོ་སོར་དཔལ་འབྱོར་གྱི་འཕར་ཚད་0.2%དང་།6.2 % 6.6%་བཅས་ཡིན།ཐོན་ལས་གསུམ་པོའི་འཕར་ཚད་ཀུན་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་16དང་རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་10ཡི་ནང་གི་སྔོན་གྲལ་དུ་ཚུད་ཡོད།