བདེ་ཆེན་ཁུལ་གྱིས་དུས་བཀག་གི་སྔོན་དུ་འཁོར་སྐར་ གྲངས་རྟགས་ཞིང་དུད་དཔེ་ཁང་གི་ཚོད་ལྟའི་ལས་ཀ་གྲུབ་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།རང་ཁུལ་གྱིས་དུས་བཀག་གི་སྔོན་དུ་འཁོར་སྐར་གྲངས་རྟགས་ཞིང་དུད་དཔེ་ཁང་གི་ཚོད་ལྟའི་ལས་ཀ་གྲུབ་པ།
        འཁོར་སྐར་གྲངས་རྟགས་ཞིང་དུད་དཔེ་ཁང་ནི་འཁོར་སྐར་གྲངས་རྟགས་ཀྱི་མ་ལག་སྤྱད་ནས།སྤུས་ཀ་མཐོ་བའི་བརྙན་ཟློས་དང་།སྒྲ་ཟློས།གློག་རྡུལ་དཔེ་དེབ།ཚགས་པར་སོགས་ནང་དོན་དེ་གྲངས་རྟགས་ཀྱི་བྱ་ཐབས་སྤྱད་ནས་ཞིང་དུད་དཔེ་ཁང་དུ་བརྒྱུད་སྤྲོད་བྱས་ཤིང་།ཞིང་པས་བརྙན་འཕྲིན་སྒྲིག་ཆས་ཀྱི་ཐོག་ཀློག་པ་དང་ལྟ་ཐུབ་པ།ལོ་རེ་ལ་འཁོར་སྐར་གྲངས་རྟགས་ཀྱི་ལག་རྩལ་སྤྱད་ནས།དུས་ཚོད་2000ལྷག་རིང་བའི་བརྙན་ཟློས་རིགས་ཀྱི་ལེ་ཚན་དང་དཔེ་དེབ་2000ལྷག་ཙམ།དེས་དེབ་སྣ་བཅུ་ཕྲག་ཁ་ཤས་དང་ཚགས་པར་100ལྷག་དང་འདོན་ཐུབ་པ་རེད །
        ཐེངས་འདིར་ཁུལ་ཡོངས་སུ་ཚོད་ལྟ་བྱེད་ས་བསྡོམས་པས་600བཀོད་སྒྲིག་བྱས་ཡོད།དེའི་ནང་སེམས་ཀྱི་ཉི་ཟླ་རྫོང་ལ་195ཡོད་པ་དང་།འབའ་ལུང་རྫོང་ལ་362ཡོད་པ།བདེ་ཆེན་རྫོང་ལ་133་ཡོད་པ།གསར་སྤེལ་ཆུས་ལ་10ཡོད་པ།ཁུལ་དང་རྫོང་རིག་གནས་ཁྱབ་སྤེལ་བརྙན་འཕྲིན་མ་ལག་གི་ལག་རྩལ་ལྷུ་སྒྲིག་མཁན་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས།མིག་སྔར་ཚོད་ལྟའི་ལས་ཀ་ཕྱོགས་ཡོངས་ནས་གྲུབ་ཚར་བ་རེད།འཁོར་སྐར་གྲངས་རྟགས་ཞིང་དུད་དཔེ་ཁང་གིས་རིག་གནས་ཀྱིས་དམངས་ལ་གསོ་སྐྱོང་དང་།རིག་གནས་ཀྱིས་དམངས་ལ་ཁེ་ཕན་གཏོད་པ།གྲོང་གསེབ་ཀྱི་མང་ཚོགས་ཀྱིས་སྲིད་ཇུས་ཁྲིམས་ལུགས་དང་ལག་རྩལ་སྦྱོང་བར་ནུས་ལྡན་གྱི་སྐུལ་འདེད་བྱེད་ནུས་ཐོན་རྒྱུ་རེད།