སེམས་ཀྱི་ཉི་ཟླ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་ཁང་ཁོངས་ཉོ་ཚོང་བྱེད་ཚད་སྔར་ལས་མང་བ།

རྩོམ་པ་པོ།   ལྷ་མཚོ།   ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་རྫོང་སྲིད་དོན་ཞབས་ཞུ་དོ་དམ་ཅུས་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་འཛུགས་སྐྲུན་ཅུས་ཀྱི(ཁང་ཁོངས་དོ་དམ)སྒེའུ་ཁུང་དང་ས་ཁྲལ་ཅུས་ཀྱི་སྒེའུ་ཁུང་དུ་ཟླ་གསུམ་པར་དོན་སྤྱོད་ཚད་སྔར་ལས་མང་བ། མཚམས་རེ་ཉི་མ་གཅིག་ཏུ་ཁག20ལྷག་བདག་གཉེར་བྱེད་དགོས་པ་མ་ཟད། ད་དུང་མི་མང་པོའི་འདྲི་རྟོག་ལ་ལེན་འདེགས་དགོས།
        བསྡོམས་རྩིས་བྱས་པ་ལྟར། ཟླ3པར། སྲིད་དོན་ཞབས་ཞུ་ལྟེ་གནས་དེའི་འཛུགས་སྐྲུན་ཅུས་ཀྱི(ཁང་ཁོངས་དོ་དམ)སྒེའུ་ཁུང་གིས་ཁག455བསྡུ་ལེན་བྱས་པ་དང་།ཚང་མ་ཐག་གཅོད་པ།འདྲི་རྟོག་ཁག266བསྡུ་ལེན་བྱས་པ།ཟླ1པོར་བསྡོམས་ནས་ཁག10བདག་གཉེར་བྱས་པ་དང་།ཟླ་གཉིས་པར་བསྡོམས་ནས་ཁག6ལས་བདག་གཉེར་བྱས་མེད་པ་རེད། ས་ཁྲལ་ཅུས་ཀྱི་སྒེའུ་ཁུང་དུ་ཟླ་གསུམ་པར་ཁག188བསྡུ་ལེན་བྱས་པ་དང་ཚང་མ་ཐག་གཅོད་པ། འདྲི་རྟོག་ཁག130བསྡུ་ལེན་བྱས་པ། སྒེའུ་ཁུང་གཉིས་ཀྱི་དོན་གཅོད་བྱེད་ཚད་ལ་ལོ་རྒྱུས་ཐོག་གི་གསར་མཐོ་སླེབས་པ་རེད།