སེམས་ཀྱི་ཉི་ཟླ་རྫོང་གིས་དབང་པོ་སྐྱོན་ཅན་ལ་གསོ་སྦྱོང་ས་ཚིགས་འཛུགས་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།སེམས་ཀྱི་ཉི་ཟླ་རྫོང་དབང་པོ་སྐྱོན་ཅན་གྱི་གསོ་སྦྱོང་ས་ཚིགས་ཀྱིས་ཕྱག་ཕྲེང་“སྨྱོན་རྒྱན”བོད་རྒྱན་ཚད་ཡོད་ཀུང་སིའི་སེམས་ཀྱི་ཉི་ཟླའི་ཡན་ལག་ཀུང་སི་ལ་སྒོ་བྱང་འགེལ་བ།
        ཕྱག་ཕྲེང་“སྨྱོན་རྒྱན”བོད་རྒྱན་ཚད་ཡོད་ཀུང་སི་ནི་ཕྱག་ཕྲེང་གཞོན་ནུ་དབང་པོ་སྐྱོན་ཅན་གྱིས་བཙུགས་པ་དང་།རྒྱ་ཆེ་བའི་དབང་པོ་སྐྱོན་ཅན་ལ་ལས་ཞུགས་ཐབས་ལམ་བསྐྲུན་པ་དང་ལག་རྩལ་རྒྱུས་ལོན་བྱེད་པའི་ལས་སྟེགས་བཏོན་པ་རེད།གང་ཐུབ་ཀྱིས་དབང་པོ་སྐྱོན་ཅན་ལ་བརྩི་འཇོག་དང་ཐུགས་ཁུར་བྱེད་པ་དང་།དབང་པོ་སྐྱོན་ཅན་གྱི་ངལ་རྩོལ་ཁེ་དབང་ཁག་ཐེག་བྱེད་པ།དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་རྒྱུ་ནི་མི་གཙོར་འཛིན་པ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་རྟགས་མཚན་ཡིན་པ་དང་སྤྱི་ཚོགས་ཤེས་རིག་ཡར་ཐོན་གྱི་མཚན་རྟགས་གཙོ་བོ་ཡིན།གསོ་སྦྱོང་ས་ཚིགས་བཙུགས་པར་བརྟེན་ནས།སེམས་ཀྱི་ཉི་ཟླའི་རྫོང་རིམ་པའི་དབང་པོ་སྐྱོན་ཅན་གྱི་གསོ་སྦྱོང་གནས་གཞི་འཛུགས་སྐྲུན་ཐོག་གི་སྟོང་ཆ་ལ་ཁ་སྣོན་བྱས་ཏེ།དབང་པོ་སྐྱོན་ཅན་གྱིས་ལག་རྩལ་རྒྱུས་ལོན་བྱེད་པར་རོགས་སྐྱོར་བྱེད་པ་དང་།དབང་པོ་སྐྱོན་ཅན་གྱི་མི་སྣའི་རང་བདག་ནུས་ཤུགས་ཆེ་རུ་གཏོང་བར་ཧུར་ཐག་གིས་ནུས་པ་བཏོན་པ་རེད།
        ངོ་སྤྲོད་བྱས་ཚུལ་ལྟར།སེམས་ཀྱི་ཉི་ཟླ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་དབང་པོ་སྐྱོན་ཅན་གྱི་གློག་ཀླད་དང་ཞིང་རྩལ་གསོ་སྦྱོང་སོགས་གསོ་སྦྱོང་ས་ཚིགས་ཁག་ལྔ་བཙུགས་ཏེ།གསོ་སྦྱོང་མི་སྣ་ཚང་མ་ལ་གླ་ཆ་མི་ལེན་པས་གསོ་སྦྱོང་བྱེད་རྒྱུ་རེད།