སློབ་གྲྭས་ཤིང་ཕྲུག་འཛུགས་ནས་སློབ་གྲྭར་མཛེས་རྒྱན་སྤྲས་པ།

རྩོམ་པ་པོ།   ཚུལ་ཁྲིམས།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། སེམས་ཀྱི་ཉི་ཟླ་ལས་རིགས་ལག་རྩལ་སློབ་གླིང་དང་བདེ་ཆེན་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭས་ཉེ་ཆར་གྱི་ཆར་བབས་གནམ་གཤིས་ལ་གཅེས་འཛིན་བྱས་ནས།རང་མོས་ཀྱིས་ཤིང་སྡོང་འཛུགས་པའི་བྱ་འགུལ་སྤེལ་ཏེ།སློབ་གྲྭའི་ར་བར་ལྕང་ཤིང་སྡོང་ཕྲུག་1200ལྷག་འཛུགས་པ་རེད།
        སློབ་གླིང་ཡོངས་ཀྱི་སློབ་མས་ཏང་ཀྲི་པུའུ་དང་།འཛིན་གྲྭ་རེས་སྡེ་ཚན་རེར་བྱས་ནས།བགོས་བཞིན་པའི་ས་ཁོངས་ལྟར་དུ་ཤིང་སྡོང་འཛུགས་པའི་ལས་འགན་འཁུར་བ་རེད།དགེ་སློབ་ཚོས་མཉམ་ལས་བྱས་ནས་ས་ཕུག་བརྐོས་བ་དང་། སྡོང་ཕྲུག་འཛུགས་པ།ཆུ་འདྲེན་པ་བཅས་བྱས་ནས་ལས་ཀ་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ།སློབ་མ་ཚོས་རང་གིས་ཤིང་ཕྲུག་འཛུགས་ནས་སློབ་གྲྭའི་ར་བ་ཇེ་མཛེས་སུ་བཏང་བ་དང་། མཛེས་སྡུག་འཆམ་མཐུན་གྱི་སློབ་གྲྭའི་ར་བ་འཛུགས་སྐྲུན་བྱེད་པར་རང་གི་ནུས་ཤུགས་ཕྲན་བུ་འདོན་པ་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན་ཟེར། 
        ཤིང་ཕྲུག་འཛུགས་ཚར་རྗེས། ཏང་ཀྲི་པུའུ་སོ་སོ་དང་། འཛིན་གྲྭ་སོ་སོས་ད་དུང་དུས་སྐབས་རྗེས་མའི་ཤིང་ཕྲུག་བདག་གཉེར་ལས་འགན་འཁུར་ནས། ཤིང་ཕྲུག་གི་སྐྱེ་ཚད་ལ་ཁག་ཐེག་བྱ་རྒྱུ།