འབའ་ལྷ་དཀར་རྫོང་གིས་གླུ་གར་འཁྲབ་པར་བརྟེན་ནས་མཚམས་སྦྱོར་ཚོགས་ཆེན་དེ་ཁུན་མིན་དུ་སྤེལ་བ།

རྩོམ་པ་པོ།   ཚུལ་ཁྲིམས།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ4པའི་ཚེས་26ཀྱི་ཕྱི་དྲོར། སེམས་ཀྱི་ཉི་ཟླ་གྲོག་རོང་ཆེན་མོ་འབའ་ལྷ་དཀར་རྫོང་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་གྲགས་ཅན་གྱིས་ཁུན་མིན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཧོང་ཁྲའོ་རྒྱལ་སྤྱིའི་གླུ་གར་གླིང་དུ་གཟབ་རྒྱས་ངང་《མཛེས་སྡུག་གི་ཡུན་ནན་སེམས་ཀྱི་ཉི་ཟླར་འགྲོ་བ་འབའ་ལྷ་དཀར་རྫོང་དུ་འཛོམས་པ》ཞེས་པའི་གླུ་གར་ལ་བརྟེན་ནས་མཚམས་འབྱོར་བྱེད་པའི་ཚོགས་ཆེན་སྤེལ་བ། 
        ཐེངས་འདིའི་མཚམས་སྦྱོར་ཚོགས་ཆེན་དེ་ཡུན་ནན་རིག་གནས་མ་དངུལ་གཏོང་འཇོག་ཚོགས་ཁག་དང་།བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་། ཡུན་ནན་རིག་གནས་ཐོན་ལས་ཀྱི་སེམས་ཀྱི་ཉི་ཟླ་རྫོང་གི་འབའ་ལྷ་དཀར་རྫོང་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིས་སྒྲུབ་འགན་འཁུར་བ་དང་། ཡུན་ནན་བརྙན་འཕྲིན་ཁང་གིས་སྒྲུབ་རོགས་བྱས་པའི་བྱ་འགུལ་ཞིག་ཡིན།  མཚམས་སྦྱོར་ཚོགས་ཆེན་དེ་ཡུན་ནན་རིག་གནས་མ་དངུལ་གཏོང་འཇོག་ཚོགས་ཁག་དང་བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་འཆར་འགོད་བྱས་པ་ཡིན་ལ། ཞིང་ཨུའི་ཕྱིར་གཏད་དྲིལ་བསྒྲགས་གཞུང་ལས་ཁང་དང་།ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གིས་ཐད་ཀར་མཛུབ་སྟོན་བྱས་འོག  རང་ཞིང་ཆེན་གྱི་“མཛེས་སྡུག་གི་ཡུན་ནན”ཞེས་པའི་དྲིལ་བསྒྲགས་བྱ་འགུལ་རབ་དང་རིམ་པ་དག་གཏིང་ཟབ་ཏུ་སྐུལ་ཆེད་སྤེལ་བའི་དྲིལ་བསྒྲགས་མཚམས་སྦྱོར་བྱ་འགུལ་ཆེ་གྲས་ཤིག་ཡིན། 
        གོ་རྟོགས་བྱུང་བ་ལྟར་ན།འབའ་ལྷ་དཀར་རྫོང་གི་ཡུལ་ལྗོངས་ནི་1999ལོར་གསར་སྤེལ་འཛུགས་བསྐྲུན་བྱས་པ་དང་། 2007ལོའི་ཟླ་9པའི་ཚེས་9ཉིན་ལ་ཚོད་ལྟ་ཚོང་གཉེར་བྱས་པ། 2009ལོའི་ཟླ་4པའི་ཚེས་26ཉིན་ལ་འཛམ་གླིང་རྨད་བྱུང་ཡུལ་སྐོར་འགྲེམ་སྟོན་ཚོགས་ཆེན་གྱི་ཚོགས་པའི་ཨུ་ཡོན་ལྷན་ཁང་གིས་“རྒྱལ་སྤྱིའི་གྲགས་ཅན་ཡུལ་སྐོར་ལྗོངས་ཁུལ”ཞེས་པའི་མཚན་སྙན་སྤྲོད། 2009ལོའི་ཟླ་12པའི་ཚེས་28ཉིན། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་“རྒྱལ་ཁབ་4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ”དུ་བདམས་པ།2011ལོའི་ཟླ་4པའི་ཚེས་12ཉིན། གཙང་གསུམ་མཉམ་བཞུར་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་གྲགས་ཅན་ཧུང་ཧྲང་ལྗོངས་ཁུལ་འབའ་ལྷ་དཀར་རྫོང་དོ་དམ་ཁྲུའུ་དབུ་བརྙེས་དེས། འབའ་ལྷ་དཀར་རྫོང་ལྗོངས་ཁུལ་ལ་འཛམ་གླིང་རང་བྱུང་ཤུལ་རྫས་དང་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་གྲགས་ཅན་བཅས་རྒྱལ་སྤྱིར་སྐད་གྲགས་ཡོད་པའི་རྟགས་ཅན་དེ་གཉིས་ཡོད་པ་མཚོན། 
        ཡུན་ནན་རིག་གནས་མ་དངུལ་གཏོང་འཇོག་ཚོགས་ཁག་གི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་ཀྲའོ་ཝུན་ཀྲུང་དང་། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ལིའུ་ཆོན།  ཡུན་ནན་རིག་གནས་ཐོན་ལས་ཀྱི་སེམས་ཀྱི་ཉི་ཟླ་རྫོང་གི་འབའ་ལྷ་དཀར་རྫོང་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་ཁུར་བ་བསོད་ནམས་དོན་འགྲུབ་བཅས་ཀྱིས་ཚོགས་ཆེན་ཐོག་གསུང་བཤད་གནང་བ།ཁུན་མིང་གྱི་ཡུལ་སྐོར་ལས་དོན་ཁང་300ལྷག་དང་གསར་འགྱུར་ལས་ཁུངས་30ལྷག་ཚོགས་ཆེན་དུ་ཞུགས་པ།