རྩོམ་པ་པོ།   ཚེ་རིང་དོན་གྲུབ།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོར། རང་ཁུལ་རྣམ་པ་གསར་བའི་ཞིང་གྲོང་མཉམ་ལས་སྨན་བཅོས་ཀྱིས་སྨན་ཁང་དུ་བསྡད་པའི་འགྲོ་སོང་རྩིས་ཞུ་ཚད་དེ་ན་ནིང་གི་སྒོར་ཁྲི6ནས་སྒོར་ཁྲི10རུ་ཇེ་མཐོར་བཏང་བ་རེད།
ད་ལོར། ཁུལ་ཡོངས་སུ་རྣམ་པ་གསར་བའི་ཞིང་གྲོང་མཉམ་ལས་སྨན་བཅོས་ནང་ཞུགས་ཚད98.47%ལ་སླེབས་པ་དང་། ཆ་སྙོམས་བྱས་ན་མི་རེའི་གྲབས་གསོག་མ་དངུལ་སྒོར340ཡིན། (དེའི་ཁྲོད་དུ་ཀྲུང་དབྱང་དང་ཞིང་ཆེན་རིམ་པས་སྤྲད་པའི་ཁ་གསབ་སྒོར290དང་མི་སྒེར་གྱིས་སྤྲད་པའི་སྒོར60ཡོད།) སེམས་ཀྱི་ཉི་ཟླ་རྫོང་དང་བདེ་ཆེན་རྫོང་གི་མི་སྒེར་གྱིས་གྲབས་གསོག་བྱས་པའི་མ་དངུལ་ཆ་སྙོམས་བྱས་ན་མི་རེར་སྒོར60ཡོད་པ་དེ་དམངས་སྲིད་ཅུས་དང་། འཆར་ལྡན་བུ་བཙའ་ཚང་མ་ཚབ་བྱས་ནས་སྤྲད་པ་དང་། རྣམ་པ་གསར་བའི་ཞིང་གྲོང་མཉམ་ལས་སྨན་བཅོས་ཀྱི་མ་དངུལ་གྲངས་འབོར་ཡོངས་རིམ་པ་ཁག་གི་སྲིད་གཞུང་གིས་འགན་ལེན་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་བ་དང་། རྣམ་པ་གསར་བའི་ཞིང་གྲོང་མཉམ་ལས་སྨན་བཅོས་ནི་ཞིང་པ་མང་ཚོགས་ཀྱི་བདེ་ཐང་ལ་ནུས་ཡོད་ཀྱིས་འགན་སྲུང་བྱེད་པ་ཞིག་ཡིན། ཉེ་བའི་ལོ་གསུམ་གྱི་རིང་ལ། སྲིད་གཞུང་གིས་མུ་མཐུད་ནས་རྣམ་པ་གསར་བའི་ཞིང་གྲོང་མཉམ་ལས་སྨན་བཅོས་ཀྱི་གྲབས་གསོག་མ་དངུལ་གྱི་ཚད་གཞི་ཇེ་མཐོར་བཏང་བ་དང་། མ་དངུལ་དང་ཁྱབ་ཚད་ལོ་རེར་ཇེ་མཐོར་སོང་བ་དང་བསྟུན་ནས། འགྲོ་སོང་རྩིས་ཞུའི་བསྡུར་ཚད་ཀྱང་ཇེ་མཐོར་སོང་ཡོད། ཁུལ་དང་རྫོང་། ཤང་དང་གྲོང་གསེབ་རིམ་པ་བཞིའི་གཞུང་བཙུགས་སྨན་བཅོས་ལས་ཁུངས་སུ་ནད་ལ་བལྟས་ནས། ལས་ཡུལ་དངོས་ནས་འགྲོ་སོང་རྩིས་ཞུ་རྒྱབ་ཆོག་པས། ཞིང་འབྲོག་མང་ཚོགས་ཀྱིས་ནད་བལྟ་བ་ལ་སྟབས་བདེ་པོར་གྱུར། དེ་དང་ཆབས་ཅིག ཏན་ཏིག་གིས་གྲོང་གསེབ་ཀྱི་གལ་ཆེའི་ནད་ཆེན་འགན་སྲུང་ལས་ཀར་ཤུགས་སྣོན་རྒྱབ་སྟེ། ཕྱོགས་ཡོངས་ནས་ནད་རིགས20ལ་ཁ་གསབ་འགན་སྲུང་དང་ས་གནས་གཞན་ནས་འགྲོ་སོང་རྩིས་ཞུ་ལས་ཀར་སྐུལ་སྤེལ་བཏང་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་ཧུར་ཐག་གི་ངང་ཁུལ་ཕྱི་རོལ་ནས་ལས་ཡུལ་དངོས་སུ་འགྲོ་སོང་རྩིས་ཞུ་རྒྱག་པའི་ལས་ཀ་སྒྲུབ་བཞིན་པ་དང་། གང་ནུས་ཀྱིས་ཕྱི་རོལ་དུ་སོང་ནས་ནད་ལ་བལྟ་བར་ལས་ཡུལ་དངོས་ནས་འགྲོ་སོང་རྩིས་ཞུ་རྒྱག་ཐུབ་པར་བྱེད་རྒྱུ་ཡིན་པ་དང་། ནད་པས་ནད་བལྟ་བར་སྟབས་བདེ་བསྐྲུན་རྒྱུ་རེད།