བདེ་ཆེན་ཁུལ་མི་གྲངས་འཆར་ལྡན་བུ་བཙའ་ཨུས་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་བ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། གསར་འགོད་པས་ཁུལ་ཡོངས་མི་གྲངས་དང་འཆར་ལྡན་བུ་བཙའ་ལས་ཀའི་ཚོགས་འདུ་ཐོག་ཤེས་གསལ་བྱུང་དོན། ཁུལ་མི་གྲངས་དང་འཆར་ལྡན་བུ་བཙའ་ཨུས་ཏན་ཏིག་གིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཚན་རིག་དང་མཐུན་པའི་ངང་འཆར་གཞི་བཀོད་པ། ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ནས། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་སྟེ། ཕྱོགས་ཡོངས་ནས་མི་གྲངས་བསྡོམས་རྩིས་གཞི་གྲངས་ཀྱི་ཡང་དག་པའི་རང་བཞིན་མཐོར་བཏང་བ་རེད །
        ཁུལ་འཆར་ལྡན་བུ་བཙའ་ཨུས་སེམས་ཀྱི་ཉི་ཟླ་རྫོང་གི་ཆ་འཕྲིན་མཉམ་འགུལ་སྒྲིག་གཞིའི་ཚོད་ལྟའི་ལས་ཀ་ཁུལ་ཡོངས་སུ་རྒྱ་ཁྱབ་གཏོང་བ། བདེ་ཆེན་རྫོང་དང་འབའ་ལུང་རྫོང་གིས་ལོ་སྟོད་དུ་ཆ་འཕྲིན་མཉམ་འགུལ་སྒྲིག་གཞིའི་ལས་ཀར་སྐུལ་འདེད་གཏོང་བའི་འགོ་ཁྲིད་ལས་ཁུངས་འཛུགས་པ་དང་། དངོས་སུ་བྱེད་ཐུབ་པའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱེད་པ་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་རེད།
        ཐོན་ཁུངས་གཅིག་བསྡུས་བྱས་ནས་མི་གྲངས་ཀྱི་ཆ་འཕྲིན་གཞི་གྲངས་སྐྱོན་མེད་ཀྱིས་མཐུད་པར་མངོན་འགྱུར་བྱུང་བ། སྙན་ཐོའི་རེའུ་མིག་གོང་ལ་མ་འབུལ་བའི་སྔོན་དུ། འཆར་ལྡན་བུ་བཙའ་དང་། སྤྱི་བདེ། དམངས་སྲིད་སོགས་སྡེ་ཁག་རྣམས་སྡུད་དེ་མཉམ་འབྲེལ་གྲོས་ཚོགས་འཚོགས་པ། ཏན་ཏིག་གིས་མི་གྲངས་ཀྱི་གཞི་གྲངས་སྡེ་ཁག་མང་པོར་ཐོན་པ་དང་ཕན་ཚུལ་མི་འདྲ་བའི་གནས་ཚུལ་སེལ་བ།ཆ་འཕྲིན་ཅན་གྱི་གོང་འཕེལ་མགྱོགས་པོ་གཏོང་བ་དང་། ཏན་ཏིག་གིས་དྲ་བ་གསུམ་མཉམ་འབྲེལ་བྱེད་པའི་རྨང་གཞི་ཅན་གྱི་ལས་ཀ་ཡག་པོ་སྒྲུབ་པ། ཞིང་ཆེན་ཡོངས་དང་མཉམ་དུ་ཞིང་ཆེན་གྱི་དྲ་བའི་ནང་དུ་འཇུག་པར་བརྩོན་ལེན་བྱས་པ་དང་།ཏན་ཏིག་ངང་ཆ་འཕྲིན་ཅན་གྱི་ནུས་ཤུགས་ལས་ཀའི་གྲུབ་འབྲས་སུ་འགྱུར་བར་བརྩོན་ལེན་བྱས།