སེམས་ཀྱི་ཉི་ཟླ་མི་དམངས་སྨན་ཁང་གིས་རིམ་པ་ལྡན་པའི་སྨན་ཁང་འཛུགས་སྐྲུན་བྱེད་སྒོ་བཀོད་སྒྲིག་བྱས་པ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྨན་ཁང་གིས་རིམ་གསུམ་ལྡན་པའི་སྨན་ཁང་ཨང་གཉིས་པ་འཛུགས་སྐྲུན་ལ་བརྩོན་ལེན་བྱེད་པའི་སྐུལ་སློང་གྲོས་ཚོགས་འཚོགས་པ། 
        ཉེ་བའི་ལོ་ཤས་རིང་། གོང་རིམ་སྡེ་ཁག་གིས་ཤུགས་ཆེན་གྱིས་ཐུགས་ཁུར་དང་རྒྱབ་སྐྱོར་འོག སྨན་ཁང་དེའི་ཕྱོགས་བསྡུས་ཀྱི་ཞབས་ཞུ་བྱེད་ནུས་དང་། དམིགས་གསལ་གྱི་གནས་བབ་ཡག་པོ་འདོན་སྤེལ་བྱས་པ། གཙོ་བོའི་ཆེད་སྦྱོང་ཚན་ཁག་གི་འཛུགས་སྐྲུན་དང་།ཤེས་ལྡན་མི་སྣའི་གསོ་སྐྱོང་། ལག་རྩལ་གྱི་ཆུ་ཚད། སྨན་ཁང་གི་དོ་དམ། སྨན་ཁང་གི་རིག་གནས་འཛུགས་སྐྲུན་སོགས་ཕྱོགས་སོ་སོ་ལ་ཡུན་རིང་གི་གོང་འཕེལ་ཐོབ་པ། སྨན་ཁང་དེ་མིག་སྔར་གོང་འཕེལ་གྱི་རྩ་ཆེ་བའི་དུས་སྐབས་སུ་གནས་ཡོད། “རིམ་གསུམ་ལྡན་པའི་ཨང་གཉིས་པ”འཛུགས་སྐྲུན་བྱེད་པའི་ལས་ཀ་ནི་མུ་མཐུད་དུ་ལེགས་སྒྲིག་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ཏེ། བྱེད་སྒོ་སྤེལ་བར་བརྒྱུད་ནས་ལས་ཀའི་བརྒྱུད་རིམ་དང་སྨན་བཅོས་སྤུས་ཚད་སོགས་མཐོར་གཏོང་ཐུབ་པ་དང་། སྨན་ཁང་གི་དོ་དམ་ལ་ཚན་རིག་དང་མཐུན་ཞིང་ཚད་གཞི་ལྡན་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུ། 
        ཐེངས་འདིའི་གྲོས་ཚོགས་འཚོགས་ནས། ཚང་མའི་བསམ་བློ་གཅིག་གྱུར་བྱས་པ་དང་། འདུ་ཤེས་མཐོར་གཏོང་བ། ཚང་མས་ཞིབ་དཔྱད་ཀྱི་ཚད་གཞི་ལྟར་ལས་ཀ་ལག་བསྟར་བྱེད་པ་དང་། ཞིབ་དཔྱད་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ནས་ཧུར་ཐག་གིས་ཞིབ་དཔྱད་ཚད་གཞི་དང་མཐུན་པ། བསམ་པའི་རྣམ་པ་ལེགས་པོ་དང་། ཕུལ་བྱུང་གི་ཞབས་ཞུ། ཕུལ་བྱུང་གི་ལག་རྩལ་ལ་བརྟེན་ནས་སྨན་ཁང་གིས་“རིམ་གསུམ་ལྡན་པའི་ཨང་གཉིས་པའི”འཛུགས་སྐྲུན་བརྩོན་ལེན་བྱེད་པར་ལེགས་སྐྱེས་འབུལ་རྒྱུ་ཞེས་བསྟན་པ་རེད །