སེམས་ཀྱི་ཉི་ཟླ་རྫོང་གིས་གྲོང་གསེབ་ཀྱི་བཟས་བཅའི་བདེ་འཇགས་ལྟ་སྐུལ་ལས་ཀ་ཡག་པོ་སྒྲུབ་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཉེ་སྔོན།ཁུལ་བཟོ་ཚོང་ཅུས་ཀྱི་གསར་སྤེལ་ཆུས་ཡན་ལག་ཅུས་དང་།སེམས་ཀྱི་ཉི་ཟླ་བཟོ་ཚོང་ཅུས།རྫོང་སྤུས་ཚད་ལྟ་སྐུལ་ཅུས།རྫོང་ཕྱུགས་ལས་ཅུས།རྫོང་ས་བོན་ས་ཚིགས།སྤོ་བདེའི་འཕྲིན་སྐྱེལ་སེམས་ཀྱི་ཉི་ཟླ་ཀུང་སི།རྫོང་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་བྱས་ནས་སྟག་མཆོང་གྲོག་རོང་དང་དཔལ་འབྱོར་གསར་སྤེལ་ཆུས།ཅིན་ཅང་གྲོང་རྡལ།ཧྲན་ཅང་ཤང་ལ་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་དང་བློ་འདྲི་བའི་བྱེད་སྒོ་སྤེལ་བ།
        དྲིལ་བསྒྲགས་ཀྱི་སྦྱར་ཚིག་སྦྱར་བ་དང་།ཁྲིམས་ལུགས་ཁྲིམས་སྲོལ་ཀྱི་དྲིལ་བསྒྲགས་ལས་སྟེབས་དང་།འཛད་སྤྱོད་མི་སྣས་ཁེ་དབང་སྲུང་བའི་བློ་འདྲི་སའི་ལས་སྟེབས་བཀོད་སྒྲིག་བྱས་པ།ལས་བྱེད་མི་སྣས་འཛད་སྤྱོད་མི་སྣ་ལ་རྫུན་བཟོའི་ཚོང་རྫས་དང་དུས་ཡོལ་བའི་བཟའ་བཅའ་སོགས་དབྱེ་ཐབས་འགྲེལ་བཤད་བརྒྱབ་པ་དང་།འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པར་བརྒྱུད་ནས།བདག་གཉེར་བྱེད་མིའི་ཁྲིམས་སྲུང་བདག་གཉེར་བྱེད་པའི་འདུ་ཤེས་མཐོ་རུ་གཏོང་བ།དུག་དང་གནོད་པ་ལྡན་པའི་བཟའ་བཅའ་ཚོང་རར་འབྱོར་བར་འགོག་པ།ནན་ཏན་གྱིས་འཛད་སྤྱོད་བདེ་འཇགས་འགན་སྲུང་བྱས་པ།
        དེའི་སྐབས་སུ།ལས་བྱེད་མི་སྣས་ཁོངས་གཏོགས་ཚོང་ར་རུ་ཟབ་ཞུགས་བྱས་ནས་གཅིག་སྡུད་ཀྱིས་ཞིབ་བཤེར་བྱས་པ་དང་།འཛད་སྤྱོད་པ་ལ་དྲིལ་བསྒྲགས་དཔྱད་ཡིག་བསྡོམས་པས་20000ལྷག་ཙམ་བཏང་བ་དང་།གཅིག་སྡུད་ཀྱིས་དུས་ཡོལ་བའི་ཚོང་རྫས་བསྡོམས་པས་སྤྱི་རྒྱ་1837བསྲེགས་པ་རེད།