འབའ་ལུང་རྫོང་གིས་ལིང་གྲིབ་སླར་ཡང་མཐོང་ཐུབ་པའི་ལས་གྲྭའི་གསོ་སྦྱོང་འཛིན་གྲྭ་བཙུགས་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།འབའ་ལུང་རྫོང་འཕྲོད་བསྟེན་ཅུས་དང་།རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།རྫོང་སྨན་ཁང་བཅས་ཀྱིས་མཉམ་དུ་སྤེལ་བའི་ལིང་གྲིབ་སླར་ཡང་མཐོང་ཐུབ་པའི་ལས་གྲྭའི་མིག་ནད་ཚན་ཁག་གི་སྨན་པའི་གསོ་སྦྱོང་འཛིན་གྲྭ་འབའ་ལུང་རྫོང་སྨན་ཁང་དུ་སློབ་འགོ་ཚུགས་པ་རེད།རྫོང་ཡོངས་ཀྱི་ཤང་རིམ་པའི་སྨན་ཁང་ནས་ཡོང་བའི་འགན་ཁུར་བ་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་ལས་རྐང་འཛིན་པ་གསོ་སྦྱོང་དུ་ཞུགས་པ།
        གསོ་སྦྱོང་ཚོགས་འདུའི་ཐོག   ཡུན་ནན་ཞིང་ཆེན་གསོ་རིག་མཐུན་ཚོགས་ནས་ཡོང་བའི་མཁས་པ་དང་རྫོང་སྨན་ཁང་གི་མིག་ནད་ཚག་ཁག་གིས་ལིང་གྲིབ་ལེགས་འདེམས་ཞིབ་བཤེར་བྱེད་པའི་འབྲེལ་ཡོད་ཤེས་བྱ་དང་ལིང་གྲིབ་གཤགས་ལས་ཀྱི་འབྲེལ་ཡོད་གཞུང་ལུགས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ།ཚོགས་འདུའི་རྗེས་སུ།འབའ་ལུང་རྫོང་སྨན་ཁང་གི་སྨན་པ་སོ་སོས་ཇེ་མང་བའི་ལིང་གྲིབ་ནད་པས་སླར་ཡང་མཐོང་ཐུབ་པ་དང་།དབུལ་ཕོངས་ལིང་གྲིབ་ནད་པས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པའི་ཆེད་དུ་འབད་བརྩོན་བྱེད་རྒྱུ་བསྟན་པ།
        ཤེས་གསལ་བྱུང་དོན།འབའ་ལུང་རྫོང་གིས་ལིང་གྲིབ་སླར་ཡོང་མཐོང་ཐུབ་པ་ནི་དབང་པོ་སྐྱོན་ཅན་གྱི་ལུས་གསོ་ལས་ཀའི་འབུར་དུ་ཐོན་པའི་གོ་གནས་སུ་གྱུར་ནས།“མཐོང་ཚོར་དང་པོ་དང་ཀྲུང་གོའི་བྱ་སྤྱོད”དང་“བརྒྱ་ཁྲིའི་དབུལ་ཕོངས་ལིང་གྲིབ་ནད་པས་སླར་ཡང་མཐོང་ཐུབ་པའི་ལས་གྲྭ”དང་“འོད་ཟེར་ལས་གྲྭ”སོགས་རྣམ་གྲངས་སྐྱེལ་འདྲེན་དངོས་པོར་གྱུར་ཏེ།ཧུར་ཐག་གིས་རྣམ་པ་སོ་སོའི་ལིང་གྲིབ་སླར་ཡང་མཐོང་ཐུབ་པའི་བྱེད་སྒོ་སྤེལ་བ།“ལོ་ལྔ་ཚན་བཅུ་གཅིག་པའི”སྐབས་སུ།ལིང་གྲིབ་སླར་ཡང་མཐོང་ཐུབ་པའི་བཤགས་ལས་བསྡོམས་པས་839ལག་བསྟར་བྱས་ནས།རྒྱ་ཆེ་བའི་ནད་པ་སླར་ཡང་འོད་ཟེར་མཐོང་ཞིང་།ལིང་གྲིབ་སླར་ཡང་མཐོང་ཐུབ་པའི་ལས་ཀ་ཁུལ་ཡོངས་ཀྱི་སྔོན་གྲལ་དུ་འགྲོ་བ་རེད།སྔོན་རྩིས་བྱས་ན་ད་ལོར་དབུལ་ཕོངས་ལིང་གྲིབ་ནད་པ་100ཡིས་སྨན་ཡོན་མི་ལེན་པའི་བཤགས་ལས་ཀྱི་འགན་འཁུར་རྒྱུ་རེད།